༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མདོ་ལུགས་ཀྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་སྐབས་༧མགོན་པོ་གང་ཉིད་ནས་ད་རེས་ཀྱི་ཆོས་འབྲེལ་དེ་ཕྱི་ནང་གི་རྟེན་འབྲེལ་ཕུན་སུམ་ཚོགས་པོ་བྱུང་སྐོར་བཀའ་གནང་འདུག

2012.12.13

༄༅། །དེ་རིང་ཚེས་ ༡༣ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་འབྲས་སྤུངས་ཚོགས་ཆེན་དུ་བྱང་ཆུབ་ལམ་རིམ་གོ་སྒྲིག་ལྷན་ཚོགས་དང་། རི་བོ་དགེ་ལུགས་པ་སྤྱི། མོན་གྷོ་སེར་སྐྱ་མི་མང་བཅས་ནས་༸གོང་ས་མཆོག་ལ་བཀའ་དྲིན་གཏང་རག་མཚོན་ཆེད་མདོ་ལུགས་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།    སྐབས་དེར་༧གོང་ས་མཆོག་གིས་ལམ་སྟོན་བཀའ་སློབ་གནང་སྐབས།    དེ་རིང་འདིར་ཆོས་འབྲེལ་གལ་ཆེན་པོ་ཞིག་དུམ་བུ་གཅིག་ཚར་བ་རེད། མཇུག་ཏུ་བརྟན་བཞུགས་གནང་སྟེ་ཕྱི་ནང་གང་ཅི་ནས་རྟེན་འབྲེལ་ཕུན་སུམ་ཚོགས་པོ་སྒྲིག་རྒྱུ་ཞིག་ཆགས་ཡོད། ཁྱེད་རྣམ་ཚང་མས་ཐུགས་སྨོན་མཚམས་སྦྱོར་གནང་རོགས་གནང་། ངོས་ཀྱི་ངོས་ནས་ཆ་བཞག་ནའང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་འབྲས་སྤུངས་སུ་ཕེབས་པ་ནས་བཟུང་དཔལ་ལྡན་འབྲས་དཀར་སྤུངས་པར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད། ཅེས་གསུངས་ཡོད་ལ་ངོས་དེའི་སྐྱེ་ཕྲེང་ཞིག་རེད། དེར་བརྟེན་དེ་རིང་ཉིན་མཐའ་མ་དེར་དཔལ་ལྡན་འབྲས་དཀར་སྤུངས་པའི་ཚོགས་ཆེན་འདུ་ཁང་ནང་དུ་བརྟན་བཞུགས་ཁྱེད་རང་ཚོས་གནང་། ངོས་ཀྱིས་ཀྱང་སྨོན་ལམ་རྒྱག་རྒྱུའི་གོ་སྐབས་བྱུང་བ་ཧ་ཅང་ཡག་པོ་བྱུང་། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
༧གོང་ས་མཆོག་ནས་སྐབས་དེར་ད་དུང་། ཡང་ལོ་རྗེས་མ་ལམ་རིམ་འཕྲོས་དེ་དག་སེ་ར་ཆོས་སྒར་དུ་བྱ་རྒྱུའི་རྩིས་རེད། ཡང་ང་ཚོ་རྗེས་སུ་མཇལ་ཐུབ་རྒྱུ་རེད། དེ་ནས་ཕྱི་ཟླ་ ༡ ནང་ངོས་རང་འབྲས་སྤུངས་སུ་ཚར་གཅིག་སླེབས་ཀྱི་ཡོད། ཚན་རིག་ཚོགས་འདུ་འཚོགས་རྒྱུ་ཞིག་ཡོད་པ་དེ་ནམ་རྒྱུན་འདས་པའི་ལོ་སུམ་ཅུ་ཙམ་རིང་དུས་དུས་སུ་ཚན་རིག་ཚོགས་འདུ་འཚོགས་རྒྱུ་ཞིག་བྱས་ཏེ་གང་ལྟར་ཚོགས་པ་དེ་བཙུགས་ནས་ལོ་ ༢༥ ཙམ་ཕྱིན་ཡོད། བཅས་སོགས་བཀའ་སློབ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎