དུས་ཡུན་རིང་ཤོས་ཀྱི་ཉི་མ་བཟའ་འཛིན།

དེ་རིང་རེས་གཟའ་ལྷག་པའི་ཉིན་དེ་ནི་དུས་རབས་ཉེར་གཅིག་ནང་ཉི་མ་བཟའ་འཛིན་གྱི་དུས་ཡུན་རིང་ཤོས་དེ་ཡིན་པ་རེད།

2009.07.22

༄༅༎དེ་རིང་རེས་གཟའ་ལྷག་པའི་ཉིན་དེ་ནི་དུས་རབས་ཉེར་གཅིག་ནང་ཉི་མ་བཟའ་འཛིན་གྱི་དུས་ཡུན་རིང་ཤོས་དེ་ཡིན་པ་རེད།

དེ་རིང་ཉི་མ་བཟའ་འཛིན་གྱི་དུས་ཡུན་དེའི་ནང་ཨེ་ཤེ་ཡའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ནང་དུས་ཡུན་རིང་ཤོས་བྱུང་ཡོད་པ་དེ་ནི་ཟླ་བས་ཉི་མ་རིམ་བཞིན་བཏུམས་ནས་དུས་ཡུན་སྐར་མ་དྲུག་དང་ལྷག་ཙམ་ཞིག་རིང་ནག་ཁུང་དུ་གྱུར་ཡོད་པ་རེད།

སྤྱིར་བཏང་ཟླ་བ་བཅོ་བརྒྱད་ནང་ཉི་མ་བཟའ་འཛིན་ཐེངས་རེ་ཡོད་ཅིང་དེ་རིང་ནི་ལོ་རྒྱུས་ཐོག་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ཉི་མ་བཟའ་འཛིན་གྱི་དུས་ཡུན་རིང་ཤོས་དེ་ཆགས་ཀྱི་ཡོད་པ་རེད།

དེ་རིང་གི་དུས་ཚོད་དེའི་ནང་ལྷོ་ཨེ་ཤེ་ཡའི་མངའ་ཁུལ་གྱི་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་སོགས་པའི་ནང་ཡུལ་ལུང་སོ་སོའི་ཆོས་ལུགས་དང་གོམས་གཤིས་གཞིར་བཟུང་འགའ་རེས་ཉི་མ་བཟའ་འཛིན་གྱི་དུས་ཡུན་དེའི་ནང་བེུད་མངལ་དུ་ཕྲུ་གུ་ཡོད་པ་ཕྱི་ལ་འདོན་མི་ཆོག་པའི་རྣམ་རྟོག་རྩིས་པ་དང་འགའ་རེས་དེ་རིང་གི་དུས་ཚོད་དེ་ཆོས་བྱེད་རྒྱུའི་དུས་ཚོད་བཟང་པོ་ཞིག་རྩིས་པ་ཡང་ཚོང་པ་འགའ་རེས་དུས་ཚིགས་དེ་དང་བསྟུན་ནས་དམིགས་བསལ་ཚོང་དོན་གྱི་ལས་དོན་སྤེལ་བ་སོགས་དེང་དུས་ཀྱི་བལྟ་བ་དང་ཡང་སྔ་མོའི་རྨོངས་དད་ཀྱི་ལྟ་བ་སོགས་བལྟ་བ་འདྲ་མིན་འཛིན་ཡོད་པ་རེད། ཐེངས་འདིའི་ཉི་མ་བཟའ་འཛིན་གྱི་དུས་ཡུན་དེ་འདྲ་བ་མ་འོང་པར་ཕྱི་ལོ་༢༡༣༢ལོའི་ནང་བསྐྱར་དུ་ཡོང་སྲིད་པ་ཞིག་ཡིན་པ་གནམ་གཤིས་ཞིབ་འཇུག་པ་ཚོས་བརྗོད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎