མདོ་སྨད་མཚོ་སྔོན་རྨ་ལྷོ་སོག་རྫོང་མི་མང་༸གོང་ས་མཆོག་ལ་བརྟན་བཞུགས།


2019.07.29
མདོ་སྨད་མཚོ་སྔོན་རྨ་ལྷོ་སོག་རྫོང་མི་མང་༸གོང་ས་མཆོག་ལ་བརྟན་བཞུགས། མདོ་སྨད་མཚོ་སྔོན་རྨ་ལྷོ་སོག་རྫོང་མི་མང་༸གོང་ས་མཆོག་ལ་བརྟན་བཞུགས།
འོད་ཟེར།

མདོ་སྨད་མཚོ་སྔོན་རྨ་ལྷོ་སོག་རྫོང་མི་མང་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་ཚུལ་དུ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་དང་སྦྲགས  ཉིན་འདིར་ཨ་རིའི་མངའ་སྡེ་ཀེལ་ཕྷོ་ནེ་ཡའི་གྲོང་ཁྱེར་ཞིག་གི་གྲོང་སྡེའི་སྤྱི་ཁྱབ་ཟུར་པ་གཙོས་པའི་མངའ་སྡེ་དེའི་ཚོང་ལས་མི་ཁག་ཅིག་ལ་མཇལ་མོལ་གནང་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མདོ་སྨད་མཚོ་སྔོན་རྨ་ལྷོ་སོག་རྫོང་མི་མང་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཟླ་བ་འདིའི་སྤྱི་ཚེས་༢༩ ཉིན་བཞུགས་སྒར་རྡ་རམ་ས་ལའི་༸རྒྱལ་བའི་ཕོ་བྲང་དུ་མགོན་པོ་གང་ཉིད་མཆོག་ལ་བརྟན་བཞུགས་ཚུལ་དུ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་འདུག་ཅིང་། དེ་སྔ་རྒྱ་ནག་གཞུང་གིས་མདོ་སྨད་མཚོ་སྔོན་རྨ་ལྷོ་སོག་རྫོང་དུ་གཏོར་བཤིག་བཏང་བའི་དགོན་པ་ཁག་ཅིག་སླར་གསོ་ཞུས་ཡོད་པའི་སྐོར་མགོན་པོ་གང་ཉིད་མཆོག་ལ་སྙན་སེང་ཞུས་ཡོད་པར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྔགས་བརྗོད་དང་འབྲེལ། བསླབ་པ་སློབ་གཉེར་བྱེད་དགོས་པའི་སྐོར་བཀའ་སློབ་ཕེབས་འདུག

ཡང་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་ནུབ་རྒྱུད་མངའ་སྡེ་ཀེལ་ཕྷོ་ནེ་ཡའི་གྲོང་ཁྱེར་(Anaheim)གྱི་སྤྱི་ཁྱབ་ཟུར་པ་སྐུབས་ཞབསTom Tait ལགས་ཀྱིས་སྣེ་ཁྲིད་པའི་མངའ་སྡེའི་ཚོང་ལས་མི་སྣ་༡༣ལ་མཇལ་མོལ་གནང་ཏེ་མགོན་པོ་གང་ཉིད་མཆོག་གིས་ཚད་རྡུལ་དངོས་ཁམས་དང་འབྲེལ་བའི་སྐོར་བཀའ་སློབ་ཕེབས་ཡོད་པའི་ཁར།  གང་ཟག་སྒེར་གཅིག་གིས་བྱམས་བརྩེ་གོང་འཕེལ་ཡོང་སླད་ཕྱག་ལ་གནང་བ་དེས་གཞན་གྱིས་བསམ་བློ་ལ་ཡང་འགྱུར་བ་བཏང་ཏེ། རིམ་པས་འགྲོ་བ་མི་ཡོང་ལ་ཤུགས་རྐྱེན་སྤྲོད་ཐུབ་པའི་སྐོར་བཀའ་སློབ་ཕེབས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎