བཀའ་ཟུར་རྒྱ་རི་རིན་པོ་མཆོག་གི་སྐུ་ཕུང་སྨིན་གྲོལ་གླིང་དུ་ཞུགས་འབུལ་གནང་འདུག


2018.11.19
བཀའ་ཟུར་རྒྱ་རི་རིན་པོ་མཆོག་གི་སྐུ་ཕུང་སྨིན་གྲོལ་གླིང་དུ་ཞུགས་འབུལ་སྐབས། ༢༠༡༨།༡༡།༡༨ བཀའ་ཟུར་རྒྱ་རི་རིན་པོ་མཆོག་གི་སྐུ་ཕུང་སྨིན་གྲོལ་གླིང་དུ་ཞུགས་འབུལ་སྐབས། ༢༠༡༨།༡༡།༡༨
World peace/fb

བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གི་སྐུ་ཕུང་རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་ལ་ཡོད་པའི་སྨིན་གྲོལ་གླིང་དགོན་པའི་ནང་ཞུགས་འབུལ་གནང་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གི་སྐུ་ཕུང་རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་ལ་ཡོད་པའི་སྨིན་གྲོལ་གླིང་དགོན་པའི་ནང་སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་དབུ་བཞུགས་བླ་སྤྲུལ་དང་། ཕྱི་རྒྱལ་སྐུ་མགྲོན་དང་རྒྱ་གར་དཔོན་རིགས་སོགས་གནད་ཡོད་མི་སྣ་དང་།  སེར་སྐྱ་མི་མང་མང་པོ་འདུ་འཛོམས་ཀྱིས་ཞུགས་འབུལ་གནང་འདུག སྐབས་དེར་སྐུ་ཕུང་ཞུགས་འབུལ་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོའི་ཕྱགས་རོགས་གནང་མཁན་གནས་ཆུང་སྐུ་ཞོགས་རྡོ་རྗེ་ལགས་ཀྱི་ངོ་སྤྲོད་གནང་གསལ་དུ། རིན་པོ་མཆོག་ཨ་རིར་སྙུང་བཞུགས་པའི་སྐབས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དམ་ས་བོན་བཀའ་ལན་སྤྱི་ཕེབས་ནང་དུ་ཞབས་རིམ་ཁག་ཅིག་དང་།  ངོས་ནས་དུས་རྟག་ཏུ་ཚེ་རབས་རྗེས་འཛིན་གྱི་སྨོན་ལམ་ཡོད་ཅེས་བཀའ་ཕེབས་པ་དེ་རིན་པོ་ཆེ་མཆོག་དགོངས་པ་མ་རྫོགས་གོང་ལ་རང་ཉིད་ཨ་རིར་འགྲོ་ཞོར་ཞིག་ལ་ཞུ་ཡག་གི་གོ་སྐབས་བྱུང་ཅེས་དང་། དེ་བཞིན་ཡང་སྐབས་དེར་སྐུ་ཕུང་ཞུགས་འབུལ་ཐོག་ཆེད་དུ་ཕེབས་པ་འཇམ་དབྱངས་རྡོ་རྗེ་ལགས་ཀྱི་རྒྱ་རི་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པ་འདི་བོད་མིར་གྱོང་གུན་ཆེན་པོ་དང་།  བློ་ཕམ་ཆེན་པོའི་གནས་ཚུལ་ཞིག་རེད། དེ་རེས་རྒྱ་རི་རིན་པོ་མཆོག་དང་ཕྱག་ལས་མཉམ་དུ་གནང་མྱོང་མཁན་དང་འབྲེལ་བ་ཡོད་པ་ཨ་རི་དང་།  འཇར་མན།  བལ་ཡུལ་སོགས་རྒྱལ་ཁབ་མང་པོ་ཞིག་ནས་གནད་ཡོད་མི་སྣ་མང་པོ་ཕེབས་ཡོད་པ་མ་ཟད། ཨོ་ཏར་ཁཊ་མངའ་སྡེའི་སྲིད་སྐྱོང་མཆོག་དང་།  སྤྱི་ཁྱབ་བློན་ཆེན་ཟུར་པ་སོགས་རྒྱར་གཞུང་གི་གནད་ཡོད་མི་སྣ་མང་པོ་ཕེབས་ཡོད་པ་འདིས་རིན་པོ་མཆོག་གིས་ཕྱགས་ལས་རྒྱ་ཆེན་པོ་ཞིག་གནང་ཡོད་པའི་མཚོན་རྟགས་རེད་ཅེས་གསུངས་ཡོད།
བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་དགོངས་རྫོགས་པའི་ཐོག་ཉེ་ལམ་ཨ་རིའི་གྲོས་ཚོགས་གོང་མ་ནས་རིན་པོ་མཆོག་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བསྒྲུབ་མཁན་ཞིག་དང་།  དེ་བཞིན་བོད་མིའི་མངོན་འདོད། འགྲོ་བ་མིའི་ཐོབ་ཐང་། བོད་མིར་དྲང་བདེན། ལྷག་པར་དུ་རྒྱལ་སྤྱའི་སྟེང་བོད་དོན་རྒྱབ་སྐྱོར་འཚོལ་ཐབས་ཀྱི་ཕྱག་ལས་གནང་བ་སོགས་ཀྱི་མཛད་རྗེས་ལ་རྗེས་དྲན་གྱི་གྲོས་ཆོད་ཞིག་ཀྱང་བཞག་གནང་ཡོད་པ་རེད། གཞན་ཡང་རྒྱ་རིགས་རྩོམ་པོ་གྲགས་ཅན་ཝང་ལི་ཤོང་གིས་ཀྱང་ལོ་ངོ༡༨་རིང་རྒྱ་རི་རིན་པོ་ཆེཇམཆོག་དང་།  འབྲེལ་བ་ཞུས་པའི་བརྒྱུད་རིམ་དང་བཙན་བྱོལ་སྤྱི་ཚོགས་ནང་དམིགས་བསལ་མི་སྣ་ཞིག་ཆགས་ཡོད་པའི་རྩོམ་ཡིག་སྤེལ་གནང་ཡོད་པ་སོགས་འཛམ་གླིང་ཡུལ་གྲུ་གང་སའི་ནང་ཁོང་གི་མཛད་རྗེས་ལ་རྗེས་དྲན་ཞུ་མཁན་བྱུང་ཡོད་པ་རེད།

གསར་འགོད་པ་ཨྱོན་བསྟན་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎