བློ་བཟང་བསྟན་པས་བོད་དོན་སྐད་འབོད་སྐབས་ཀྱི་བརྙན་ཐུང་།


2014.05.09
རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་པ་ནས་རྒྱ་གཞུང་ལ་ངོ་རྒོལ། རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་པ་ཞུ་བས་མགོ་ལ་བོད་ཀྱི་རྒྱལ་དར་བྲིས་མ་ཞིག་དཀྲིས་ཤིང་ལག་ཏུ་༸གོང་ས་མཆོག་གི་སྐུ་པར་བཟུང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་འདུག།
ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས།

རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་པ་ལགས་ཀྱིས་ཉེ་ཆར་སྤྱི་ལོ་༢༠༡༤ ཟླ་༤ ཚེས་༢༦ ཉིན་བོད་ནང་བོད་དོན་སྐད་འབོད་ཁྲོམ་སྐོར་གྱི་བརྙན་ཐུང་ཕྱི་ལ་འབྱོར་བ་འདི་ནས་གཟིགས་ཐུབ།

གསར་འགྱུར། 2014-04-26

ཕྱི་ལོ་༢༠༡༤ ཟླ་༤ ཚེས་༢༦ ཉིན་གྱི་བོད་ནང་གི་ཆུ་ཚོད་༢།༣༠ ཙམ་ལ་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་པ། རང་ལོ་༡༩ ཡིན་པ་ཁོང་གིས་མགོ་ལ་བོད་ཀྱི་རྒྱལ་དར་བྲིས་མ་ཞིག་དཀྲིས་ཤིང་ལག་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཆེན་པོ་ཞིག་བཟུང་ནས་རྔ་བ་རྫོང་མཁར་གྱི་གཞུང་ལམ་དུ་ཐོན་ཏེ་རྒྱ་གཞུང་གིས་བོད་ཐོག་བཟུང་བའི་ སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་གོམ་བགྲོད་བྱས་འདུག་ཅིང་། སྐར་མ་ཁ་ཤས་ཀྱི་རྗེས་ཉེན་རྟོག་དམག་མིས་ཁོང་བཙན་ཁྲིད་བྱས་ཡོད་འདུག། བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་ཀརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་སྐུ་ཞབས་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན་དེའི་རྗེས་ཀྱི་ཁོང་གི་གནས་ཚུལ་དང་། སྐད་འབོད་ཀྱི་ནང་དོན་སོགས་ད་བར་ཤེས་རྟོགས་བྱུང་མེད་པ་རེད་འདུག། བློ་བཟང་བསྟན་པ་ལགས་ནི་བོད་མདོ་སྨད་རྔ་བ་རང་སྐྱོང་ཁུལ་རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པ་ནས་ཡིན་ཞིང་། ཕ་ངག་ཆུང་དང་མ་སྒྲོལ་མ་ཆོས་ཁོ་གཉིས་ཀྱི་བུ་ཆུང་བ་ཡིན་པ་དང་། ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ནས་དེང་སྐབས་རྔ་བ་ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གྲྭའི་འཛིན་གྲྭ་དགུ་པར་སླེབས་ཡོད་འདུག།
ཁོང་ལ་མ་གཅིག་གི་སྤུན་རྒན་པ་གྲྭ་པ་གཉིས་ཡོད་པའི་གཅིག་དེང་སྐབས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སུ་སློབ་གཉེར་གནང་བཞིན་ཡོད་ལ། གཅིག་རྔ་བ་ཀིརྟི་དགོན་པའི་ནང་དུ་ཡོད་འདུག དེང་སྐབས་ཀྱི་རྔ་བ་ནི་སྔར་བཞིན་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་བརྒྱ་ཕྲག་མང་པོས་གོམ་པ་གང་གི་རྒྱབ་ལོགས་ན་དྲག་གནོན་བྱེད་ཆོག་ཆོག་གི་གྲ་སྒྲིག་བྱས་ནས་ཡོད་པའི་དམ་དྲག་གི་འོག་ལ་ཡོད་པ་དང་། ནམ་རྒྱུན་ཞི་བའི་མི་མང་ལ་མེ་མདའ་ཁ་གཏད་ནས་ཡོད་པའི་ཉེན་རྟོག་དམག་དཔུང་གི་སྐོར་སྲུང་དང་། བརྙན་ལེན་འཕྲུལ་ཆས་ཧ་ཅང་མང་པོས་ག་ས་གང་དུ་ཁེབ་པར་བྱས་པའི་གནས་སྟངས་ཧ་ཅང་སྡུག་པོ་ཡོད་པ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱི་མཚན་ཐོག་སྤེལ་བའི་གསལ་བསྒྲགས་ནང་གསལ་འདུག།

གསར་འགོད་པ་སྐལ་ལྡན་བློ་གྲོས།

 

 

 

 

 

 

རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་པ་ཞུ་བས་མགོ་ལ་བོད་ཀྱི་རྒྱལ་དར་བྲིས་མ་ཞིག་དཀྲིས་ཤིང་ལག་ཏུ་༸གོང་ས་མཆོག་གི་སྐུ་པར་བཟུང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་འདུག།

 

 

 

 

 

 

 

རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་པ་ཞུ་བས་མགོ་ལ་བོད་ཀྱི་རྒྱལ་དར་བྲིས་མ་ཞིག་དཀྲིས་ཤིང་ལག་ཏུ་༸གོང་ས་མཆོག་གི་སྐུ་པར་བཟུང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎