ཨ་མི་རི་ཀས་དྲུག་བཞིའི་དུས་དྲན་སྲུང་བརྩི་དང་ལེའུ་ལ་གཟེངས་རྟཊ།


2014.05.30
ལེའུ་དང་ཤོའུ་གཉིས་ལ་གཟེངས་རྟགས་ཕུལ་རྒྱུའི་གསལ་བསྒྲགས་ངོ་བཤུས། ༢༠༡༤།༥།༢༩ ལེའུ་དང་ཤོའུ་གཉིས་ལ་གཟེངས་རྟགས་ཕུལ་རྒྱུའི་གསལ་བསྒྲགས་ངོ་བཤུས། ༢༠༡༤།༥།༢༩
དྲ་བཤུས

ཨ་རིའི་རྒྱལ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་གྱི་གཞུང་ལམ་གྱི་མིང་ལ་ལེའུ་ཞོའོ་པོ་གཞུང་ལམ་ཞེས་མིང་བསྒྱུར་དགོས་པའི་སྙན་ཞུ་ཕུལ་འདུག
དེ་ཡང་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ་དམངས་གཙོའི་ལས་འགུལ་བྱུང་བའི་དྲུག་བཞིའི་དུས་དྲན་སླེབས་ལ་ཉེ་བར། རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་Liu Xiaoboལ་ཆེ་བསྟོད་ཞུ་ཆེད། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་རྒྱལ་ས་ཝ་ཤིན་ཀྲོན་ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་ཁང་གི་མདུན་འགྲམ་གྱི་གཞུང་ལམ་ལ་Liu Xiaobo་གཞུང་ལམ་ཞེས་མིང་བསྒྱུར་བྱེད་དགོས་པའི་སྐོར་རྒྱལ་ས་ཝ་ཤིན་ཀྲོན་གྲོང་ཁྱེར་གྱི་སྤྱི་ཁྱབ་མཆོག་ལ་མཚན་འཁོད་སྙན་ཞུ་ཕུལ་ཡོད་པ་དང་། དེ་ནི་སྤྱི་ཚེས༢༩ཉིན་National Endowment for Democracyཞེས་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་Liu Xiaoboལ་གཟེངས་རྟགས་འབུལ་རྒྱུའི་མཛད་སྒོའི་སྐབས་གསལ་བསྒྲགས་གནང་འདུག གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱི་ཞུ་ཡིག་ནང་གསལ་ལྟར་ན། མིང་བསྒྱུར་ལས་འཆར་དེ་བཞིན་དྲུག་བཞིའི་དུས་དྲན་སླེབས་ལ་ཉེ་བ་སྐབས་རྒྱ་ནག་ནང་སྔོན་ཚུད་ནས་དམ་དྲག་དང་། བཀག་སྡོམ་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་གནས་སྟངས་འོག་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོའི་རང་དབང་ལོངས་སུ་སྤྱོད་འདོད་བྱ་མཁན་རྒྱ་རིགས་མང་ཚོགས་ལ་སེམས་ཤུགས་ཀྱི་ཀུན་སློང་ཐེབས་རྒྱུའི་མཚོན་དོན་ཡིན་ལུགས་གསལ་འདོན་གནང་འདུག
དེ་བཞིན་ཡང་ཨ་རིའི་མངའ་སྡེ་ནིའུ་ཇར་སི་New Jerseyནས་ཡིན་པའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཁི་རེ་སི་མི་ཐི་ChrisSmithསོགས་ཀྱིས་གྲོས་འཆར་བཏོན་པ་ལྟར། ཟླ་འདིའི་ཚེས་༢༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་དྲུག་བཞིའི་དོན་རྐྱེན་བྱུང་ནས་མི་ལོ་༢༥འཁོར་བའི་རྗེས་དྲན་ཞུ་རྒྱུའི་གྲོས་ཆོད་བཞག་འདུག
རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་Hong Lei ཡིས་རེས་གཟའ་པ་སངས་ཉིན་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཐོག ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་Liu Xiaoboལ་ཆེ་བསྟོད་ཞུ་རྒྱུའི་ལས་འཆར་འདི་བཞིན་འཁྲུག་རྐྱེན་སློང་གཞིའི་བྱ་སྤྱོད་ཅིག་ཡིན་ལུགས་བརྗོད་པ་དང་། Liu Xiaoboཡིས་རྒྱ་ནག་ནང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་རྐྱེན་པས་ཁྲིམས་ལུགས་གཞིར་བཟུང་ནག་ཉེས་ར་འཕྲོད་བྱུང་སྟེ་བཙོན་ཁྲིམས་ཕོག་ཡོད་པ་རེད་བཤད་འདུག
དེ་བཞིན་ཡང་འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་ནང་རྟེན་གཞི་བྱས་པའི་The National Endowment for Democracy ཞེས་ཨ་རིའི་མང་གཙོ་དར་སྤེལ་ལས་ཁང་གིས་ལེའུ་ཞའོ་པོ་དང་Xu Zhiyang གཉིས་ལ་ཕྱི་ལོ་༢༠༡༤་ལོའི་མང་གཙོའི་གཟེངས་རྟགས་ཕུལ་ཡོད་པ་དང་། རྒྱ་གཞུང་གིས་དྲག་གནོན་ཤུཊ་ཆེ་བྱེད་མིན་ལ་མ་ལྟོས་པར་རྒྱ་ནག་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་དགོས་འདུན་མུ་མཐུད་ནས་བཏོན་མཁན་གྱི་རྒྱ་རིགས་བློ་སྟོབས་ཅན་མང་པོ་ཡོད་སྐོར་ཨ་རིའི་ཕྱོགས་ནས་བརྗོད་འདུག
ཚེས༢༩ཉིན་མཛད་སྒོའི་སྐབས་ཁོང་རྣམ་གཉིས་ད་རེས་གཟེངས་རྟགས་བཞེས་པར་དངོས་སུ་ཕེབས་མ་ཐུབ་པར་བརྟེན་ནས་ལེའུ་ཞའོ་པོ་ཡི་གཟེངས་རྟགས་དེ་བཞིན་ཁོང་གི་ཚབ་གནང་སྟེ་ཨ་རིའི་གྲོས་ཚོཊ་འོག་མའི་མང་གཙོ་ཚོཊ་པའི་དབུ་ཁྲིད་ལྕམ་Nancy Pelosi མཆོག་གིས་བཞེས་པ་དང་། Xu Zhiyangགི་གཟེངས་རྟགས་དེ་བཞིན་ཁོང་གི་གྲོཊ་པོ་Hua Zeཡིས་བཞེས་འདུག
གཟེངས་རྟགས་དེ་ནི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དར་སྤེལ་གནང་མཁན་གྱི་ཚོཊ་པ་དང་མི་སྒེར་པར་ཕུལ་གྱི་ཡོད་ཅིང་། ཕྱི་ལོ་༢༠༡༠་ལོའི་གཟེངས་རྟགས་དེ་བཞིན་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་ཡོད་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་བསོད་ནམ་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎