དབུ་ཁྲིད་གཉིས་མཇལ་མོལ།


2013.09.12
༧གོང་ས་མཆོག་ནས་ལི་ཐུཝེ་ནི་ཡའི་སྲིད་འཛིན་མཆོག་དང་མཇལ་མོལ་གནང་བ།
ལི་ཐུཝེ་ནི་ཡའི་གཞུང་འབྲེལ་དྲ་གནས།

༄༅། །ཁ་སང་ཕྱི་ཚེས་ ༡༡ རེས་གཟའ་ལྷག་པའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལི་ཐུཝེ་ནི་ཡའི་སྲིད་འཛིན་ལྕམ་སྐུ་Dalia མཆོག་གིས་ཡུལ་དེར་ཕེབས་བསུ་དང་འབྲེལ་མཇལ་འཕྲད་ཞུས་ཡོད་པ་རེད། སྐབས་དེར་སྲིད་འཛིན་མཆོག་གིས་༸གོང་ས་མཆོག་ལི་ཐུཝེ་ནི་ཡའི་ནང་ཉིན་གསུམ་རིང་མཛད་འཕྲིན་བསྐྱང་འཆར་ཡོད་པ་དང་། ཡུལ་མི་ཚོས་༸མགོན་པོ་གང་ཉིད་ལ་དགའ་མོས་ཧ་ཅང་ཞུ་བཞིན་ཡོད་པར་བརྟེན་ཐེངས་འདིར་༸གོང་ས་མཆོག་དང་མཇལ་ཏེ་དགའ་བསུའི་སྣེ་ལེན་ཞུ་ཐུབ་པར་ཧ་ཅང་དགའ་སྤོབས་ཆེན་པོ་བྱུང་ཞེས་གསུངས་ཡོད་པ་རེད།    སྲིད་འཛིན་མཆོག་གིས་ད་དུང་། ༸གོང་ས་མཆོག་ཡུལ་དེར་ཆིབས་བསྒྱུར་ཐེངས་གསུམ་པའི་སྐབས་འདིར་སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་ཡོད་པར་བརྟེན།    སྲིད་འཛིན་མཆོག་དགའ་སྤྲོ་ལྡན་པ་བྱུང་ཡོད་སྐོར་སྙན་སྒྲོན་ཞུས་ཡོད། དེ་རྗེས་༸གོང་ས་མཆོག་གིས་བྷལ་ཊིག་རྒྱལ་ཁབ་ནང་ཆིབས་བསྒྱུར་བསྐྱངས་ཐུབ་པས་མ་ཟད། ཡུལ་མི་ཚོ་ཐུག་ནས་ཕན་ཚུན་འཚམས་འདྲི་མཛད་བྱུང་བ་དང། ལི་ཐུཝེ་ནི་ཡའི་ཡུལ་དེ་རྒྱལ་ཁབ་གསར་གྲས་ཤིག་ཡིན་པ་དང་།    སྤྱིར་ལུང་པ་ཆུང་ཆུང་ཡིན་ནའང་སོ་སོའི་རང་དབང་ཆེད་སྙིང་སྟོབས་ཆེན་པོས་འབད་བརྩོན་བྱས་པའི་ལོ་རྒྱུས་དེ་དག་མཐོང་སྐབས་ངོ་མཚར་སྐྱེ་གནང་མཛད་ཡོད་སྐོར་དང་། དེ་བཞིན་སྐུའི་རླབས་ཆེན་གྱི་མཛད་འཕྲིན་གཙོ་བོ་ཁག་གཉིས་སྐོར་ངོ་སྤྲོད་མཛད་ཡོད་པ་རེད། །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎