ལི་ཆང་རྒྱ་ནག་གི་སྲིད་བློན་དུ་བསྐོ་འདེམས་བྱས་འདུག

2023.03.11
ལི་ཆང་རྒྱ་ནག་གི་སྲིད་བློན་དུ་བསྐོ་འདེམས་བྱས་འདུག
ཨེ་ཨེཕ་པི།

རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། སྔ་ལོ་རྒྱ་ནག་གི་གྲོང་ཁྱེར་Shanghai རུ་ཏོག་དབྱིབས་ནད་ཡམས་བསྐྱར་ལོག་བྱུང་སྐབས་གྲོང་ཁྱེར་ཡོངས་རྗོགས་ནང་ཕྱིར་ཐོན་མི་ཆོག་པའི་བཀག་རྒྱ་བསྡམ་ནས་ཏོག་དབྱིབས་རྩ་མེད་ཟེར་བའི་སྲིད་ཇུས་ལག་བསྟར་སྐབས་Li Qiang ཟེར་བ་དེས་དམ་དྲག་གི་སྲིད་ཇུས་ལག་བསྟར་གྱི་འགན་འཁྲི་གཙོ་ལེན་བྱས་ཏེ་མང་ཚོགས་ཁྲོད་མི་ངན་གྱི་མིང་རྗེས་ཕོག་ཡོད་པ་དང་། དེའི་སྔོན་ལོ་བཞིའི་རིང་ཁོ་པས་ཁ་ཁུ་སིམ་པོའི་ཐོག་ནས་Shanghai གྲོང་ཁྱེར་གྱི་མ་རྐང་ཁྲོམ་རའི་མ་ཤེར་འཛུགས་ཕྱོགས་ཐད་ལ་རྒྱལ་ཡོངས་མ་རྐང་བཏང་འཛིན་ལས་ཁུངས་ཀྱི་དབང་ཆར་བརྩི་མེད་ཀྱི་ཞི་ཅིན་ཕིང་གི་དགོངས་དོན་ལྟར་མ་བཤེར་འཛུགས་ཕྱོགས་ཀྱི་ཁྲིམས་སྒྲིག་བསྐྱར་བཅོས་ཀྱི་སྒྲིག་གཞི་བཀོད་བསྡོམས་བྱས་ནས་ཞི་ཅིན་ཕིང་དང་འབྲེལ་བ་ཉེས་པོ་ཆགས་ཡོད་པ་རེད མིང་འདོན་བྱ་འདོད་མེད་པའི་Shanghai གྲོང་ཁྱེར་དངུལ་ཁང་གི་མཐོ་རིམ་མི་སྣ་ཞིག་ནས་ Li Qiang གི་མ་རྐང་ཁྲོམ་རར་འགྱུར་བཅོས་ཀྱི་སྲིད་ཇུས་ལ་རྒྱལ་ཡོངས་མ་རྐང་ཁྲོམ་ར་བཏང་འཛིན་ལས་ཁུངས་ནས་འདོད་པ་མེད་ཀྱང་། དེ་ལྟར་ཐག་གཅོད་བྱས་པ་ནི་ཁོ་པ་ཞི་ཅིན་ཕིང་དང་འབྲེལ་བ་ཉེས་པོ་ཡོད་པའི་རྒྱུ་མཚན་ལ་ཐུགས་ཡོད་པར་མང་པོས་ངོས་འཛིན་བྱེད་ཀྱི་ཡོད་ལུགས་རོ་ཨི་ཀྲར་གསར་ལས་ཁང་ལ་བརྗོད་འདུག གསར་དུ་བསྐོ་འདེམས་བྱས་པའི་སྲིད་བློན་Li Qiang ནི་དེ་སྔོན་Shanghai གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་འགོ་འཁྲིད་ཡིན་ཞིང་། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ཐོག་ཁོ་པ་སྲིད་བློན་དུ་བསྐོ་གཞག་གཏན་འབེབས་བྱས་ནས་རྒྱལ་ནང་དཔལ་འབྱོར་གྱི་སྲིད་ཇུས་ལག་བསྟར་གྱི་འགན་འཁུར་ལེན་རྒྱུ་ཡིན་འདུག གནས་ཚུལ་ནང་གསལ་བར་སྲིད་བློན་ཟུར་པ་ Li Keqiang ལ་ཞི་ཅིན་ཕིང་གི་ལྟ་སྟངས་མཐོང་ཕྱོགས་ལ་འགྱུར་བ་ཕྱིན་པའི་རྗེས་རྒན་ཡོལ་ཕྱིན་ཡོད་པ་རེད། རྒྱ་ནག་ཐོག་གནད་དོན་དབྱེ་ཞིབ་པ་Trey McArver ཞུ་བས་སྲིད་བློན་གསར་པ་Li Qiang དང་ཞི་ཅིན་ཕིང་གཉིས་དབར་འབྲེལ་བ་དམ་ཟབ་ཡོད་པར་བརྟེན་སྲིད་བློན་གསར་པར་དེ་སྔོན་གྱི་སྲིད་བློན་ལས་དབང་ཆ་ཆེ་བ་ཐོབ་སྲིད་པའི་སྔོན་དཔག་བྱས་འདུག མ་ཟད་Li Qiang ལ་རྒྱ་ནག་དབུས་གཞུང་ནང་འཛིན་སྐྱོང་གི་ཉམས་མྱོང་དང་རྒྱབ་ལྗོངས་མེད་ཀྱང་ཁོ་པ་སྲིད་བློན་དུ་བསྐོ་བཞག་བྱས་པ་དེས་ཞི་ཅིང་པིན་གྱིས་ཁོ་པའི་འཇོན་སྟངས་ལ་ཡིད་ཆེས་ཡོད་པ་མཚོན་གྱི་ཡོད་ལུགས་དཔྱད་པ་བྱས་འདུག།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎