ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་ཅན་སེལ་ཐབས།


2014.06.04
བོད་མིའི་སྒྲིག་འཛུགས་ཆགས་ཡུལ་རྡ་རམ་སཱ་ལ། བོད་མིའི་སྒྲིག་འཛུགས་ཆགས་ཡུལ་རྡ་རམ་སཱ་ལ།
མཐུན་འགྱུར་པར་རིས།

བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱུ་མཚན་ལྡན་པའི་ཐབས་ལམ་ཡོད་པ་དེ་དག་གསལ་འདོན་ཆེད་ཡིན་པ་གསུངས་འདུག
དེ་ཡང་ཧྥ་རན་སི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན། དབུ་མའི་ལམ་གྱི་སྲིད་ཇུས་གཞིར་བཟུང་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཀྱི་གནས་བབ་བསྐྲུན་རྒྱུར་རྒྱ་ནག་གཞུང་དང་གྲོས་མོལ་སྐྱར་གསོ་ཡོང་སླད། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་གནོན་ཤུགས་བསྐྲུན་ཐབས་ཆེད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བདུན་ཕྲག་འདིའི་ནང་དབུ་མའི་ལམ་གྱི་གོ་རྟོགས་ཀྱི་དྲིལ་བསྒྲགས་ཀྱི་ལས་འགུལ་གསར་པ་ཁག་གཅིག་སྤེལ་རྒྱུ་ཡིན་པ་དང་། ལས་འགུལ་དེ་བཞིན་བོད་ནང་ད་བར་རང་ལུས་མེར་བསྲེགས་གཙོ་བོར་གྱུར་བའི་བོད་མི་ཚོས་རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་བྱུང་བཞིན་པ་ལ་རྒྱ་ནག་གཞུང་ནས་བཟང་ཕྱོགས་ཀྱི་ཡ་ལན་སྤྲོད་རྒྱུའི་ཚབ་ད་དུང་ཆེས་དྲག་གནོན་བྱས་ཏེ་ད་ལྟ་བོད་ནང་གི་གནས་སྟངས་ཛ་དྲག་ཅན་དུ་གྱུར་ཡོད་པའི་དཀའ་ངལ་སེལ་ཐབས་སུ་དམིགས་ཡོད་པ་འཁོད་འདུག དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་ཆོས་དབྱངས་ལགས་ཀྱིས། ད་རེས་ཀྱི་ལས་འགུལ་འདི་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱུ་མཚན་ལྡན་པའི་ཐབས་ལམ་ཡོད་པ་དེ་དག་གསལ་འདོན་ཆེད་ཡིན་པ་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིིའི་སྟེང་དབུ་མའི་ལམ་ལ་གོ་རྟོགས་རྒྱ་ཆེ་སྤེལ་ཐབས་ཆེད་ དྲིལ་བསྒྲགས་ཀྱི་ལས་འགུལ་འདི་བཞིན་རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་རུ་འགོ་འཛུགས་གནང་བ་དང་། དྲིལ་བསྒྲགས་ཀྱི་ལས་འགུལ་འདིའི་ཁྲོད་དབུ་མའི་ལམ་གྱི་ལས་འགུལ་དང་འབྲེལ་བའི་ཡིག་ཆ་ཁག་གཅིག་དང་སྐར་མ་ ༧ ཅན་གྱི་གློག་བརྙན་དེ་བཞིན་དབུ་མའི་ལམ་གྱི་དྲ་རྒྱ་གསར་པ་བཅས་དབུ་འབྱེད་གནང་རྒྱུ་ཡིན་འདུག ཚེས་༥ཉིན་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་༧གོང་ས་མཆོག་གིས་སློབ་ཕྲུག་རྣམས་ལ་ནང་ཆོས་ངོ་སྤྲོད་མཛད་རྒྱུའི་སྐབས་དང་བསྟུན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༧གོང་ས་མཆོག་ལ་གོང་འཁོད་ཡིག་ཆ་དེ་དག་སྤྱན་བསྟར་ཞུ་རྒྱུ་དང་སྦྲགས་དབུ་མའི་ལམ་གྱི་དྲ་རྒྱ་དབུ་འབྱེད་གནང་རྒྱུ་ཡིན་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎