ཨ་རིའི་གྲོས་ཚོགས་ཀྱི་ཕྱི་ལོ་ཉིས་སྟོང་དགུ་ལོའི་བོད་སྐོར་སྙན་ཐོ།

ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་ལོ་ཉིས་སྟོང་དགུ་ལོའི་བོད་ཀྱི་ཐོག་ལ་སྙན་ཐོ་ཞིག་ཟླ་བ་འདིའི་ཕྱི་ཚེས་བཅུ་དྲུག་ཉིན་བཏོན་ཡོད་པ་རེད།

2009.10.23

༄༅༎ཟླ་བ་འདིའི་ཕྱི་ཚེས་བཅུ་དྲུག་ཉིན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་ལོ་ཉིས་སྟོང་དགུ་ལོའི་བོད་ཀྱི་ཐོག་ལ་བཏོན་པའི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཐོག་ལ་འཛིན་པའི་སྲིད་ཇུས་དམ་བསྒྲགས་ཆེ་རུ་བཏང་བའི་རྐྱེན་གྱིས་བོད་མི་རྣམས་གནས་བཟོད་མི་བདེ་བའི་ཞི་འཁོན་གྱི་རྣམ་པ་ཤུགས་ཆེ་རུ་ཕྱིན་ཏེ་ན་ནིང་ཕྱི་ཟླ་གསུམ་པའི་ངོ་རྒོལ་གྱི་དོན་རྐྱེན་དེ་བྱུང་བ་རེད་ཅེས་གསུངས་ཡོད་པ་རེད།

ཕྱི་ལོ་ཉིས་སྟོང་དགུ་ལོའི་སྙན་ཐོ་དེའི་ནང་དུ་འདས་པའི་ཕྱི་ལོ་ཉིས་སྟོང་བརྒྱད་ནང་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ཐོག་ལ་འཛིན་པའི་སྲིད་ཇུས་དང་ལག་བསྟར་བྱེད་པའི་བྱ་སྤྱོད་རྣམས་ཞིབ་ཕྲ་བཀོད་ཡོད་པའི་ནང་དཔེར་ན་རྒྱ་ནག་གཞུང་གིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཡོང་ཐབས་ཀྱི་ཐོག་ལ་ངོས་ལེན་མ་བྱས་པའི་གནད་དོན་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དང་འཁྱོག་བཤད་ཀྱི་རྒོལ་གཏམ་གྱི་དྲིལ་བསྒྲགས་བྱེད་རྒྱུ་ཤུགས་ཆེ་རུ་བཏང་བ། བོད་ནང་གི་བོད་མིའི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་ཐོག་ལ་དམ་བསྒྲགས་ཀྱི་བྱ་སྤྱོད་ཤུགས་ཆེ་རུ་བཏང་བ་ད་དུང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་མི་རིགས་རང་སྐྱོང་གི་ཁྲིམས་ལུགས་ཁ་ནས་བཤད་པ་ལྟར་དོན་ངོ་མའི་ལག་བསྟར་མ་བྱས་པ། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཕྱོགས་སུ་མདུན་བསྐྱོད་བྱེད་པ་དེའི་ཁེ་ཕན་ནི་བོད་ནང་དུ་ཡོད་པའི་རྒྱ་མི་རིགས་སོགས་མི་རིགས་གཞན་ལ་ཕན་ཐོགས་སྐྲུན་ཏེ་བོད་མི་རིགས་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་དང་ཤུལ་བཞག་རྣམས་རྩ་མེད་བཟོ་ཐབས་ཀྱི་བྱ་སྤྱོད་ལག་བསྟར་བྱས་ཡོད་པ། ལྷག་པར་དུ་ན་ནིང་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་ནས་བོད་ཆོལ་ཁ་གསུམ་ནང་དུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་རིང་རྒྱ་ནག་གཞུང་གིས་བོད་མི་ཇི་ཙམ་འཛིན་བཟུང་བྱས་པ་དང་ཉེས་རྡུང་མནར་གཅོད་བཏང་བའི་བྱ་སྤྱོད། ཇི་ཙམ་གློད་འགྲོལ་བཏང་བའི་གནས་ཚུལ་ཕྱི་གསལ་ནང་གསལ་ལམ་ཡིད་ཆེས་འཕེར་ཐུབ་པ་ཞིག་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཁོ་སྤྲོད་བྱེད་ཐུབ་མེད་པ་དང་ད་དུང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་རྟོགས་ཞིབ་པར་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མི་མཆོག་མཇལ་འཕྲད་ཞུ་རྒྱུར་ངོས་ལེན་མ་བྱས་པ། རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་ནས་བོད་མི་ཚོའི་སྨྲ་བརྗོད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་སྲུང་སྐྱོབ་རྩ་བ་ནས་བྱས་མེད་པ་མཁྱེན་རྟོགས་བྱུང་ཡོད་ཅེས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎