ལྷོ་ཀོ་རི་ཡས་༸གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་བར་བློ་གྱོད།

ལྷོ་ཀོ་རི་ཡའི་སྲིད་འཛིན་འདས་པོ་རོཧ་མུ་ཡུན་མཆོག་གིས་དེ་སྔ་༧གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་བ་དེར་བློ་འགྱོད་བྱུང་ཡོད་འདུག

2009.11.26

༄༅༎ལྷོ་ཀོ་རི་ཡའི་སྲིད་འཛིན་འདས་པོ་རོཧ་མུ་ཡུན་མཆོག་གིས་དེ་སྔ་༧གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་གནང་རྒྱུར་ཐོངས་མཆན་མ་ཕུལ་བ་དེར་བློ་འགྱོད་བྱུང་ཡོད་འདུག

ཀོ་རི་ཡའི་ཀྲ་ཡེམ་སེ་ཞེས་པའི་གསར་ཤོག་ནང་དེ་རིང་གནས་ཚུལ་སྤེལ་བའི་ནང་། སྲིད་འཛིན་འདས་པོ་རོཧ་མུ་ཡུན་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་དེབ་ཅིག་རེས་གཟའ་ལྷག་པའི་ཉིན་འགྲེམས་སྤེལ་གནང་ཡོད་པ་དེའི་ནང་། རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་སྲིད་བྱུས་འཛིན་པའི་ཐོག་ནས་ཁོང་རང་ཉིད་ཀྱི་ལྟ་བ་དང་ཐོག་མའི་དམིགས་ཡུལ་དང་མི་མཐུན་པའི་ལས་དོན་མང་དག་ཅིག་བྱས་དགོས་བྱུང་ཡོད་པར་བློ་འགྱོད་ཆེན་པོ་བྱུང་ཞེས་བཀོད་ཡོད་པའི་གནད་དོན་མང་པོ་ཞིག་ཡོད་འདུག དཔེ་མཚོན་ཁོངས་སུ། ༧གོང་ས་ཏཱ་ལའི་བླ་མ་མཆོག་ལྷོ་ཀོ་རི་ཡའི་ནང་ཕེབས་རྒྱུར་ཐོངས་ཆན་མ་ཕུལ་བ་དང་། དེ་བཞིན་ཨི་རག་ནང་དམག་མི་གཏོང་རྒྱུ། ཁྲལ་ཆགས་ཡངས་གཏོང་རྒྱུའི་གནད་དོན་སོགས་བཀོད་ནས་གང་ལྟར་ཁོང་གིས། རྒྱལ་ཁབ་ཀྱི་དཔོན་པོ་བྱེད་མཁན་ཚོ་ནི་སོ་སོའི་འདོད་མོས་མེད་བཞིན་དུ་ལས་དོན་མང་པོ་ཞིག་ཐག་ཆོད་བྱེད་དགོས་པ་དང་། སྲིད་བྱུས་ལག་ལྟར་བྱེད་དགོས་ཆགས་ཀྱི་ཡོད་པ་ཡིན་དུས་ལས་འགན་མཐོ་ཤོས་འཁྱེར་མཁན་ཚོ་ནི་བསོད་ནམས་མེད་པའི་མི་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་བཅས་ཁོང་རང་ཉིད་གཞུང་པའི་སྐབས་ཐག་ཆོད་མང་པོ་ཐུགས་བློ་མ་འཁེངས་པ་ཤུགས་ཆེ་བྱུང་ཡོད་ལུགས་བཀོད་ཡོད་འདུག

གོང་དུ་ཞུས་པའི་སྲིད་འཛིན་རོཧ་མུན་མཆོག་ཕྱི་ལོ་ ༢༠༠༧ ལོར་རྒྱལ་ཡོངས་འོས་བསྡུའི་ཕམ་ཉེས་བྱུང་བའི་རྗེས་སུ་སྐུ་ཁམས་བདེ་མིན་བྱུང་བ་དང་། མཐའ་མ་ལོ་འདིའི་ཕྱི་ཟླ་ལྔ་པའི་ནང་། ཁོང་འཁྲུངས་ཡུལ་གྱི་རི་འདེབས་ཤིག་ནས་འཆོངས་ནས་རང་ཤི་རྒྱབ་ཡོད་པ་རེད། ཁོང་གི་སྐུ་ཚེའི་ལོ་རྒྱུས་ཀྱི་ཕྱག་དེབ་དེ་བཞིན་ཁོང་གི་ཉིན་རེའི་ཟིན་ཐོ་བརྒྱབ་པ་དང་། དེ་བཞིན་ཁོང་གི་མཉམ་ཕྱག་ལས་གནང་མཁན་ཚོར་གསུངས་པའི་གནད་དོན་དེ་དག་ནས་ཕྱོགས་བསྒྲིགས་ཀྱིས་དེབ་བཀོད་བྱས་པ་ཞིག་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎