ས་རྡིབ་འོག་འདས་གྲོངས་སུ་ཕྱིན་པ།
2013.03.29

༄༅། །ང་ཚོ་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བའི་ནང༌། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྒྱ་མ་ཤང་དུ་ཡོད་པའི་གཏེར་ཁ་སྔོག་འདོན་བྱ་ཡུལ་དུ་དེ་རིང་ཕྱི་ཚེས་༢༩ སྔ་དྲོ་ཚོུད་༦ཙམ་ལ་ས་རྡིབ་ཤོར་ནས་ལས་བཟོ་བ་ཐེ་བའི་མི་མང་པོ་ཞིག་འདས་གྲོངས་དང་མང་པོར་རྨས་སྐྱོན་འཕོག་འདུག མལ་གྲོ་གོང་དཀར་གྱི་རྒྱ་མ་ཤང་ཁུལ་གཏེར་ཁ་སྔོག་འདོན་བྱེད་མཁན་གྱི་ཚན་པ་ནི། རྒྱ་ནག་གི་ཧོང་ཅིང་ཚོང་གཉེར་ཁང་གི་ཧྰ་ཐད་ལུང་གཏེར་ཁ་སྔོག་འདོན་ཚན་པ་རེད་འདུག་ལ། ད་རེས་ས་རྡིབ་ཤོར་བའི་ནང་ཚན་པ་དེའི་ལས་བཟོ་བ་མི་གྲངས་༡༠ ཙམ་ཡོད་པ་དང༌། ས་རྡིབ་ཤོར་བའི་ནང་མི་༨༠ཙམ་རྙེད་སོན་ཐུབ་མེད་པའི་གནས་ཚུལ་འདུག ད་ལྟའི་འཆར་བོད་ལྗོངས་དྲག་ཆས་ཉེན་རྟོགས་དཔུང་སྡེ་དང༌། བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བས་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་བཞིན་ཡོད་པའི་སྐོར་གནས་ཚུལ་འདུག གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེ་འགོ་བཙུགས་པ་ནས་བཟུང་ས་གནས་མང་ཚོགས་ནས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེར་ངོ་རྒོལ་གྱི་རྣམ་འགྱུར་མང་པོ་བཏོན་ཡོད་ནའང་གཞུང་ཕྱོགས་ནས་གཏེར་ཁ་སྔོག་འདོན་ལས་གཞི་མཚམས་འཇོག་མ་བྱས་པར་བརྟེན། ས་གནས་མང་ཚོགས་ཀྱི་འཕྲོད་བསྟེན་དང་འཚོ་བར་དཀའ་ངལ་མང་པོ་འཕྲད་བཞིན་པའི་ཐོག་སྒོ་ཕྱུག་སེམས་ཅན་ལའང་གནོད་འཚེ་ཆེན་པོ་བཟོ་བཞིན་ཡོད་པ་རེད། །