བོད་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་སྐབས། སྤྱན་རས་གཟིགས་ལ་གསོལ་འདེབས་ཀྱིས་མ་ཎི་གསོག་སྒྲུབ་གནང་ཚེ་ཕན་ཐོགས་ཡོང་ངེས་ཡིན་ཞེས་གླིང་རིན་པོ་ཆེས་བཀའ་སྩལ་བ།

2022.08.28
བོད་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་སྐབས། སྤྱན་རས་གཟིགས་ལ་གསོལ་འདེབས་ཀྱིས་མ་ཎི་གསོག་སྒྲུབ་གནང་ཚེ་ཕན་ཐོགས་ཡོང་ངེས་ཡིན་ཞེས་གླིང་རིན་པོ་ཆེས་བཀའ་སྩལ་བ། ༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་སེ་ར་བླ་སྤྱི་རུ་ཚེ་དབང་སྩལ་བའི་སྐབས། ༢༠༢༢།༠༨།༢༨
RFA

ཕྱི་ཟླ་ ༨ ཚེས་ ༢༨ ཉིན་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་སེ་ར་བླ་སྤྱི་ནས་ཇི་ལྟར་གསལ་འདེབས་ཞུས་དོན་ལྟར་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་དད་ལྡན་སེར་སྐྱ་མི་མང་ལ་ཚེ་དབང་སྩལ་བའི་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀྲིན་ལ་བརྟེན་ནས་བོད་མི་ཚོ་བཙན་བྱོལ་བ་འདྲ་འདྲ་ནས་མི་འདྲ་བ་ཚུགས་ཚུད་ལྡན་པ་ཞིག་བྱུང་བ་དེ་ནི་མི་རབས་རྒན་པ་ཚོའི་བཀྲིན་ཡིན་པ་དེ་བསམ་ཤེས་ཀྱིས་བོད་དོན་འཐབ་རྩོད་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་གནང་དགོས་པ་གསུངས་གནང་སོང་། 

གཞན་ཡང་རིན་པོ་ཆེ་མཆོག་ནས་དེང་སྐབས་བོད་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་དེར་ང་ཚོས་སེམས་ཚོར་ཡོད་པའི་ཐོག་ནས་འཕགས་པ་སྤྱན་རས་གཟིགས་ལ་གསོལ་འདེབས་ཀྱིས་མ་ཎི་ཡིག་དྲུག་གསོག་སྒྲུབ་གནང་ཐུབ་པ་ཡིན་ན་ཕན་ཐོགས་ཡོང་རྒྱུ་ཡིན་པའི་བཀའ་སྩལ་གནང་སོང་། 

རིན་པོ་ཆེ་མཆོག་གིས་མུ་མཐུད་གསུངས་དོན། གཞིས་ལུས་བོད་མི་ཚོའི་མངོན་འདོད་སྒྲུབ་ཐབས་སུ་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་རྡོག་རྩ་ཆིག་སྒྲིལ་གྱིས་བོད་པའི་ཆོས། རིག་གཞུང་། སྐད་ཡིག་དང་ཤེས་ཡོན་སོགས་ཀྱི་ཐོག་ཤུགས་གནོན་གྱིས་བོད་དོན་འཐབ་རྩོད་མུ་མཐུད་རྒྱུན་འཁྱོངས་དགོས་སྐོར་བཀའ་སློབ་ཕེབས་སོང་།

IMG_0583.JPG

དེ་དང་ཕྱོགས་མཚུངས་རིན་པོ་ཆེ་མཆོག་གིས། དེང་སྐབས་བོད་མི་མང་ཚོགས་ཀྱིས་རྣམ་གཡེང་གཞན་དབང་དུ་སོང་ཏེ་རང་གི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་ཕྲན་བུ་ཉམས་ཆགས་འགྲོ་བཞིན་པ་དེ་རྒྱུན་འཛིན་གནང་རྒྱུར་ཕྱོགས་ཚང་མས་འགན་འཁུར་དགོས་པའི་ལམ་སྟོན་སྩལ་སོང་།

དེ་རིང་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་སེ་ར་བླ་སྤྱི་རུ་མགོན་པོ་ཚེ་དཔག་མེད་ཀྱི་ཚེ་དབང་ཞུ་བར་བཅར་མཁན་སེ་ར་བྱེས་སྨད་གཉིས་ཀྱི་དབུ་ཆོས་རྣམ་གསུམ་དང་རྫོང་ཆོས་གྲྭ་ཚང་གི་མཁན་ཟུར་གྱི་དབུས་པའི་གྲྭ་ཚང་བྱེས་གཉིས་ཀྱི་བླ་སྤྲུལ་དགེ་བཤེས་དང་དགེ་འདུན་འདུས་མང་དང་དེ་བཞིན་སྦེ་ལ་ཀོ་པི་གཞིས་ཆགས་ཀྱི་མི་མང་ཁྱོན་ཆེ་ཞིག་ཚང་འཛོམས་གནང་འདུག

འདི་ཚེས་ ༢༩ ༧སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་སེར་བྱེས་ཏྲེ་ཧོར་ཁམས་ཚན་དུ་དབུ་ཕར་གྱི་བགྲོ་གླེང་ཐོག་དབུ་བཞུགས་མཛད་རྒྱུ་ཡིན་པ་རེད་འདུག

གསར་འགོད་པ། པདྨ་དངོས་གྲུབ། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།  
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎