བོད་རིགས་དགེ་འདུན་པ་ཞིག་གིས་ཁེ་ཎ་ཊར་འབུམ་རམས་པའི་སློབ་སྦྱོང་གནང་བཞིན་འདུག


2019.02.14
ཀུན་དགའ་ཤེས་རབ་ལགས། ༢༠༡༩ ཀུན་དགའ་ཤེས་རབ་ལགས། ༢༠༡༩
མཐུན་འགྱུར་པར་རིས།

བོད་རིགས་དགེ་འདུན་པ་ཞིག་གིས་ཁེ་ཎ་ཊའི་ཀྲོ་རོན་ཀྲོ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་འབུམ་རམས་པའི་སློབ་སྦྱོང་གནང་བཞིན་འདུག
དེ་ཡང་ཁེ་ཎ་ཊའི་གྲོང་ཁྱེར་ཊོ་རོན་ཊོ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བོད་རིགས་མཁན་པོ་ཀུན་དགའ་ཤེས་རབ་ལགས་ཀྱིས་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་ཀྱི་སྲོལ་ལུགས་དང་འབྲེལ་ཐད་འབུམ་རམས་པའི་ཞིབ་འཇུག་སློབ་སྦྱོང་གནང་བཞིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གསུངས་ཡོད་ཅིང་།  ཁོང་གིས་སྤྱི་ལོ་༢༠༡༦ ལོ་ནས་འབུམ་རམས་པའི་སློབ་སྦྱོང་གནང་འགོ་བཙུགས་འདུག
མཁན་པོ་ཀུན་དགའ་ཤེས་རབ་ལགས་ཀྱིས་གསུངས་ན་ཁོང་ལ་ཊོ་རོན་ཊོའི་གྲོང་ཁྱེར་ཆགས་ཡུལ་ཨལ་སྦེར་ཏ་མངའ་སྡེ་ནས་ཞིབ་འཇུག་སློབ་མའི་ཆེད་སློབ་ཡོན་རིམ་པ་ཆེ་ཤོས་གྲས་ཐོབ་ཡོད་འདུག་ལ། འདི་ནི་ཁོང་གིས་ཆེས་མཐོའི་སློབ་སྦྱོང་གནང་རྒྱུའི་གོ་སྐབས་བཟང་པོ་ཐོབ་པ་དེ་ནི་གཙོ་བོ་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་གཞུང་བཅས་ལ་ཐོས་བསམ་སྒོམ་གསུམ་གྱི་སློབ་གཉེར་གནང་བའི་འབྲས་བུར་བརྟེན་ནས་བྱུང་བ་འགྲེལ་བརྗོད་གནང་ཡོད་པ་རེད།   སློབ་སྦྱོང་གནང་ཞོར་དུ་མཁན་པོ་ཀུན་དགའ་ཤེས་རབ་ལགས་ཀྱིས་བཙོན་ཁང་ནང་བཙོན་པ་ཚོར་བསམ་བློ་གཏོང་ཕྱོགས་དང་མི་ཚེའི་མདུན་ལམ་སོགས་ཀྱི་ཐད་སློབ་གསོ་ཡང་གནང་བཞིན་ཡོད་འདུག
མཁན་པོ་ཀུན་དགའ་ཤེས་རབ་ལགས་ནི་རྒྱ་གར་བྱང་ཕྱོགས་རྫོང་སར་བཤད་གྲྭ་ནས་སློབ་པ་མཐར་སོན་གྱིས་མཁན་པོའི་མཚན་གནས་བཞེས་རྗེས། ཨ་རི་དང་ཁེ་ན་ཌ་བཅས་ཀྱི་ནང་ཕེབས་ནས་དབྱིན་ཇིའི་སྐད་ཡིག་སློབ་སྦྱོང་གནང་འདུག་ཅིང་།  ཁོང་ནི་ཊོ་རོན་ཊོའི་གཙུག་ལག་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སྡེ་ཚན་གྱི་ནང་འབུམ་རམས་པའི་སློབ་སྦྱོང་གནང་མཁན་བོད་པའི་དགེ་འདུན་པ་ཐོག་མ་དེ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎