བོད་རྔ་པ་ཀིརྟི་དགོན་པའི་ད་ལྟའི་གནས་སྟངས།
2011.11.07
༄༅༎རྒྱ་ནག་གཞུང་གིས་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཕུན་ཚོཌ་ཀྱི་སྤུན་ཆུང་བ་བློ་བཟང་སྐལ་བཟང་ལཌ་བཀག་ཉར་བཙོན་འཇུག་བྱས་པ་མ་ཟད་ ཁོང་གི་ཕ་རྒན་དང་སྤུན་ཆེ་བ་གཉིས་ཀྱང་གར་སོང་ཆ་མེད་དུ་གྱུར་འདུག ཉེ་ཆར་བོད་ནས་གསར་དུ་འབྱོར་ནས་ད་ལྟ་བཞུཌ་སྒར་རྡ་རམ་ས་ལའི་དབུས་སྣེ་ལེན་ཁང་ནང་གནས་ཞུཌ་ཨ་མདོ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་རབ་བསྟན་ལཌ་ཀྱིས་བོད་ཀྱི་དུས་བབ་ལ་གནས་ཚུལ་ངོ་སྤྲོད་གནང་དོན་ལྟར་ན་འདི་ལོའི་ཕྱི་ཟླ་༣་ཚེས་༡༦ཉིན་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཕུན་ཚོཌ་ལཌ་ཀྱིས་རང་གི་སྐུ་ལུས་མེར་བསྲེག་པའི་རྗེས་སུ་རྒྱ་ནག་གཞུང་གིས་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་མང་པོ་འཛིན་བཟུང་བཀག་ཉར་དང་བཙོན་འཇུག་བྱས་པ་མ་ཟད་ ས་གནས་མང་ཚོཌ་ལ་དགོན་པའི་ནང་མཆོད་མཇལ་ལ་ཡང་དཀའ་ངལ་མང་པོ་བཟོ་བཞིན་ཡོད་འདུག ཉེ་དུས་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་དཀོན་མཆོག་ལཌ་དང་བློ་བཟང་ཕུན་ཚོཌ་ལཌ་ཀྱི་སྤུན་ཆུང་བ་བློ་བཟང་སྐལ་བཟང་ལཌ་གཉིས་ཀྱིས་རང་ལུས་མེར་བསྲེག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་སྐབས་འཛིན་བཟུང་བཀག་ཉར་བྱས་པའི་རྗེས་སུ་ དགེ་འདུན་པ་ཕུན་ཚོཌ་ལཌ་ཀྱི་ཕ་གྱར་ཚེ་ལཌ་ཀྱིས་ས་གནས་འབྲེལ་ཡོད་ལས་ཁུངས་ལ་ཡར་ཞུ་གཏུཌ་ཀྱིས་ཐུག་འཕྲད་དུ་ཕེབས་ཀྱང་ འབྲེལ་ཡོད་ཚན་པས་ཁོང་ལ་ཐུག་འཕྲད་ཀྱི་གོ་སྐབས་མ་སྤྲད་པའི་ཁར་ ད་ལྟའི་འཆར་ཁོང་གར་ཡོད་ཀྱི་གནས་ཚུལ་རྩ་བ་ནས་ཤེས་རྟོགས་མ་བྱུང་བར་ལྷག་འདུག་ དགེ་འདུན་པ་ཕུན་ཚོཌ་ལཌ་ཀྱི་ཁྱིམ་ལ་དགུང་གྲངས་༦༠་ཕེབས་པའི་ཕ་རྒྱར་ཚེ་དང་དགུང་གྲངས་༥༠་ཡིན་པ་མ་རྫོཌ་དཀར་དང་རང་ལོ་༨༧་ཡིན་པ་རྨོ་རྨོ་དཀར་མོ་ རང་ལོ་༢༢་སོན་པ་བློ་བཟང་དར་རྒྱས་ ལོ་གསུམ་གོང་དབང་པོ་སྐྱོན་ཅན་དུ་གྱུར་ཏེ་ད་ལྟ་འཁར་རྒྱུག་ལ་བརྟེན་ནས་འགྲོ་བཞིན་པའི་དགེ་འདུན་པ་བྱང་ཆུབ་ ཉེ་དུས་རང་ལུས་མེར་བསྲེག་གཏོང་མཁན་རང་ལོ་༡༨་ལ་སོན་པ་དགེ་འདུན་པ་བློ་བཟང་སྐལ་བཟང་ལཌ་བཅས་བསྡོམས་སྤུན་༧་ཡོད་ཀྱང་ འདི་ལོ་བློ་བཟང་ཕུན་ཚོཌ་ལཌ་དང་བློ་བཟང་སྐལ་བཟང་ལཌ་གཉིས་ཀྱིས་རང་ལུས་མེ་མཆོད་ཕུལ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བའི་རྗེས་སུ་ ཁོང་གཉིས་ཀྱི་ནང་མིར་རྒྱ་གཞུང་གིས་འཇིཌ་སྐུལ་དང་དྲག་གནོན་བྱེད་མུས་དང་ཉེ་དུས་ཕ་གར་ཡོད་མི་ཤེས་པའི་གནས་སུ་གྱར་བ་དང་སྤུན་ཆེ་བ་བཀྲིས་ཀྱང་བཟང་བཙོན་ཚུལ་དུ་བཀག་ཉར་པའི་རྐྱེན་གྱིས་ནང་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག་ ད་ལྟའི་འཆར་རྒྱ་ནག་གཞུང་གིས་རྨེ་རུ་མ་སྡེ་པའི་ཁྱིམ་ཚང་ཡོངས་ལ་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་དགག་པ་རྒྱག་དགོས་པ་དང་རྒྱ་ནག་གི་རྒྱལ་དར་བསྒྲེངས་དགོས་པའི་བཙན་བཀའ་གཏོང་བཞིན་པ་མ་ཟད་ རྔ་བ་ཀིརྟི་དགོན་པའི་དགེ་འདུན་རྣམས་ཀྱང་སྡེ་ཚན་མི་འདྲ་བ་༢༦་ལ་བགོས་ཏེ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སྤེལ་བཞིན་ཡོད་པའི་གནས་ཚུལ་འདུག།