སོག་ཡུལ་དགའ་ལྡན་དགོན་པའི་མཁན་པོ་ཆོས་ཀྱི་རྒྱ་མཚོ་ལགས་མཁན་པོའི་ལས་གནས་ནས་དགོངས་ཞུ་གནང་ཡོད་པ།
སོག་ཡུལ་དགའ་ལྡན་དགོན་པའི་མཁན་པོ་ཆོས་ཀྱི་རྒྱ་མཚོ་ལགས་མཁན་པོའི་ལས་གནས་ནས་དགོངས་ཞུ་གནང་ཡོད་པ་སོག་ཡུལ་དགའ་ལྡན་དགོན་པའི་ངོ་དེབ་ཐོག་གནས་ཚུལ་སྤེལ་འདུག
མཁན་པོ་བླ་མ་ཆོས་ཀྱི་རྒྱལ་མཚན་ལགས་ཕྱི་ལོ་ ༡༩༩༢ ལོ་ནས་བཟུང་དགའ་ལྡན་དགོན་པའི་མཁན་པོའི་ལས་འཁུར་ཞུས་འདུག་ཅིང་། དེ་སྔོན་སོག་ཡུལ་ཨུ་རུ་སུ་དམར་ཤོག་འོག་ཡོད་སྐབས་ཆོས་ཀྱི་རྒྱ་མཚོ་ལགས་རྡ་ས་རིག་ལམ་སློབ་གཉེར་ཁང་དུ་སློབ་སྦྱོང་གནང་མྱོང་མཁན་ཞིག་ཡིན་པ་རེད། ཁོང་གི་ཚབ་ཏུ་དགའ་ལྡན་དགོན་པའི་མཁན་པོ་གསར་པར་འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་སློབ་གཉེར་མཐར་སོན་གྱིས་དགེ་ལུགས་རྒྱུགས་སྤྲོད་བརྒྱུད་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་མཁན་སོག་པོའི་དགེ་འདུན་པ་རྗེ་བཙུན་རྡོ་རྗེ་ལགས་སུ་བསྐོ་བཞག་གཏན་འཁེལ་བྱུང་འདུག འོན་ཀྱང་མཁན་པོ་གསར་པའི་ཁྲི་འདོན་གཟའ་སྐར་དགེ་བ་ཞིག་གི་ཉིན་གནང་རྒྱུ་ཡིན་པ་བརྗོད་འདུག
སོག་ཡུལ་གྱི་རྒྱལ་ས་ཨུ་ལམ་བྷ་དྷར་རུ་ཆགས་པའི་དགའ་ལྡན་དགོན་པ་ནི་ ༡༨༠༩ ལོའི་ལོར་གསར་བཞེངས་ཞུས་པ་ཞིག་ཡིན་པ་དང་། ཕྱི་ལོ་ ༡༩༤༤ ནས་ ༡༩༨༩ བར་ཨུ་རུ་སུ་དམར་ཤོག་སྤྱི་མཐུན་རྒྱལ་ཁབ་འོག་དགོན་པ་སྒོ་བརྒྱབ་དགོས་པ་ཆགས་ཡོད་འདུག།
གསར་འགོད་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག