ཨ་རིའི་གྲོས་ཚོཌ་འཐུས་མི་འབར་མར་འཚམས་གཟིཌ།

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་འབར་མའི་ནང་འཚམས་གཟིགས་སུ་ཕེབས་གནང་གི་ཡོད་པ།

2012.01.12

༄༅༎ཨ་རིའི་གྲོས་ཚོགས་འཐུས་མི་Joe Crowley མཆོག་འབར་མའི་ནང་བཅོས་བསྒྱུར་ལས་དོན་ལ་གཟིགས་ཞིབ་ཆེད་རེས་གཟའ་པ་སངས་ཉིན་ཕྱོགས་ཕེབས་གནང་གི་ཡོད་ཅིང་། ཁོང་ནི་དེ་སྔོན་འབར་དྲག་པོའི་སྲིད་གཞུང་ལ་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་འགེལ་རྒྱུར་ཤུགས་སྣོན་སྐྱོན་མཁན་གཙོ་བོའི་གྲས་ཤིག་ཡིན་པ་རེད། ཉེ་ལམ་འབར་མའི་ཡུལ་ནང་གྲགས་ཅན་མི་སྣ་གཟིགས་སྐོར་ཕེབས་མཁན་རིམ་པ་བྱུང་ཡོད་ཀྱང་ཨ་རིའི་གྲོས་ཚོགས་འཐུས་མི་འདས་པའི་ལོ་ངོ་བཅུ་གཉིས་ནང་དང་པོ་དེ་ཡིན་པ་རེད། ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་Joe Crowley མཆོག་གིས་འབར་མའི་གཞུང་འཛིན་མི་སྣ་ཁག་དང་མཇལ་འཕྲད་གནང་རྒྱུ་མ་ཟད།་  ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ལྕམ་Aung San Suu  Kyi མཆོག་དང་གྲངས་ཉུང་མི་རིགས་ཀྱི་འགོ་ཁྲིད་ཁག་བཅས་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད་།་ འབར་མའི་རྒྱལ་ཡོངས་འོས་བསྡུ་བྱུང་རྗེས་དྲག་པོའི་གཞུང་གིས་ཞི་བའི་མི་མང་གི་གཞུང་ལ་སྲིད་དབང་རྩིས་སྤྲོད་བྱས་ཏེ་ད་ཆ་བཅོས་བསྒྱུར་ཕྲན་བུ་བཏང་བར་བློ་དོགས་ཡོད་ཀྱང་ད་ཆ་འབྱུང་འགྱུར་ཕྱི་ཟླ་༤་པའི་ཚེས་གཅིག་འབར་མའི་མང་གཙོའི་དབུ་ཁྲིད་ལྕམ་Aung San Suu Kyi མཆོག་གྲོས་ཚོགས་འཐུས་མིའི་འོས་མིར་བཞུགས་གཏན་འཁེལ་བར་བརྟེན།    འབར་མའི་ནང་བཅོས་བསྒྱུར་གང་ལེགས་ཡོང་བའི་རེ་བ་ཇེ་ཆེར་འགྲོ་བཞིན་པ་རེད། འབར་མའི་ནང་མང་གཙོའི་ལས་འགུལ་དང་བཅོས་བསྒྱུར་ལ་སྐུལ་དེད་གཏོང་ཆེད་སྔར་ལོའི་ལོ་མཇུག་ཏུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་Hillary Clinton མཆོག་གཞུང་དོན་ཕྱོགས་ཕེབས་གནང་ཏེ་འབར་མའི་སྲིད་འཛིན་Tehin Sein སོགས་གཞུང་འཛིན་མི་སྣ་མཐོ་གྲས་མཇལ་འཕྲད་གནང་བ་མ་ཟད། མང་གཙོའི་དབུ་ཁྲིད་ལྕམ་Aung San Suu Kyi མཆོག་བཞུགས་ཡུལ་དུ་ཕེབས་ཏེ་མཇལ་འཕྲད་བཀའ་བསྡུར་ལྷུགས་པོ་བྱུང་བའི་མཛའ་བརྩེའི་རྣམ་འགྱུར་ལྡན་པའི་འདྲ་པར་འཛམ་གླིང་མི་མང་ཀུན་གྱི་མཐོང་ཆོས་སུ་་བྱུང་ཡོད་པ་རེད།།   

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎