ཁེམ་བུ་གྲི་ཡའི་དཔོན་རིགས་བཞིར་ཁྲིམས་ཞིབ་བྱ་རྒྱུད།

ཁམེར་རུཇ་དཔོན་རིགས་མཐོ་གྲས་བཞིར་གཟའ་ཟླ་བའི་ཉིན་དངོས་སུ་ཁྲིམས་ཞིབ་བྱ་རྒྱུ་ཡིན་པ།

2011.06.25

༄༅༎ཁེམ་བུ་གྲི་ཡ་ཁྲིམས་ཁང་གིས་ཕྱི་ལོ་༡༩༧༠དོན་གྲངས་ནང་ཡུལ་དེའི་དབང་འཛིན་པ་ཁམེར་རུཇ་དཔོན་རིགས་མཐོ་གྲས་བཞིར་གཟའ་ཟླ་བའི་ཉིན་དངོས་སུ་ཁྲིམས་ཞིབ་བྱ་རྒྱུ་ཡིན་པ་དང་།ཁྲིམས་ཞིབ་དེ་བརྒྱུད་ནས་འདས་པའི་ལོ་ངོ་བཅུ་གྲངས་ཁ་ཤས་ཀྱི་གོང་ཡུལ་དེའི་ནང་འཁྲུག་སྐབས་ཁམེར་རུཇ་ཕྱོགས་ཁག་གིས་ཡུལ་ནང་མི་རིགས་རྩ་མེད་ཀྱི་བྱ་སྤྱོད་སྤེལ་ནས་ཁེམ་བུ་གྲི་ཡའི་དེའི་སྐབས་ཀྱི་མི་སེར་གྲངས་འབོར་གྱི་གསུམ་ཆ་གཅིག་ཙམ་དམར་གསད་བཏང་ཡོད་པའི་གསང་བའི་གནས་ཚུལ་ཕྱིར་བསྒྲགས་ཡོང་རྒྱུ་ཡིན་ཞིང་ ན་ནིང་ཁམེར་རུཇ་ཡི་དཔོན་རིགས་མཐོ་ཤོས་ཤིག་ལ་ཁམ་བུ་གྲི་ཡའི་ཁྲིམས་ཁང་གི་ཁྲིམས་ཞིབ་བྱས་ཡོད་པ་དེ་ནི་ཁེམ་བུ་གྲི་ཡའི་ཁྲིམས་ཁང་གི་ཁམེར་རུཇ་ཡི་དབང་འཛིན་པའི་གྲས་ལ་ཁྲིམས་ཞིབ་བྱེད་ཡས་ཐོག་མ་དེ་ཆགས་ཡོད་པ་རེད་ ད་རེས་གཟའ་ཟླ་བའི་ཉིན་གྱི་ཁྲིམས་ཞིབ་བྱེད་ཡུལ་ནི་ཁམེར་རུཇ་ཡི་སྐབས་ཀྱི་དཔོན་རིགས་མཐོ་ཤས་ཨང་གཉིས་པ་ནུའོན་ཆེ་དང་མངའ་སྡེའི་བློན་ཆེན་ཟུར་པ་ཁིའུ་སམ་ཕན་ ཕྱི་སྲིད་བློན་ཆེན་ཟུར་པ་ཨིཡེང་ས་རི་དང་ དེ་མིན་སྤྱི་ཚོགས་ཚན་པའི་བློན་ཆེན་ཟུར་པ་ཨིཡེང་ཐི་རིཐ་བཅས་ཡིན་ཞིང་ ཁོང་ཚོར་༡༩༧༦-༡༩༧༩བར་ ཁེམ་བུ་གྲི་ཡའི་ནང་མི་རིགས་རྩ་མེད་དང་། མི་ཆོས་ལས་འདས་པའི་བྱ་སྤྱོད་སྤེལ་བ་དེ་བཞིན་ནང་འཁྲུག་རིང་མི་མང་ས་ཡ་གཉིས་ལྷག་ཙམ་ལ་ཚད་ལས་འགལ་བའི་ལས་ཁ་བསྐུལ་བ་དང་། ཉེས་རྡུང་མནར་གཅོད་བཏང་བ་སྲོག་ཐོག་བཏང་ན་སོགས་ཀྱི་ནག་ཉེས་བསག་ཡོད་པར་ཉེས་བཙུགས་ཀྱིས་ཁྲིམས་གཏུགས་བྱ་རྒྱུ་ཡིན་འདུག མི་རིགས་རྩ་མེད་ཀྱི་ནག་ཉེས་ནང་ལྦེཏ་ནམ་དང་ཆེམ་མུ་སི་ལིམ་མི་རིགས་རྩ་མེད་བཟོས་པའི་ཉེས་བཛུགས་བྱས་ཡོད་ཅིང་།གོང་ཞུས་ཁམེར་རུཇ་ཡི་དབང་འཛིན་པ་བཞི་པ་དེ་དག་གིས་ནག་ཉེས་དེ་དག་ལ་ཁས་ལེན་བྱེད་ཀྱི་མེད་སྟབས་ཁྲིམས་ཞིབ་དེ་བཞིན་དུས་ཡུན་རིང་པོ་འགོར་སྲིད་པའི་ཚོད་རྩིས་བྱེད་ཀྱི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎