མུ་རའི་སྨན་པ་མཁས་གྲུབ་ཡང་བསྐྱར་འཛིན་བཟུང་བྱས་འདུག


2017.04.28
མདོ་ལྷོ་རྨ་ཆུ་རྫོང་སྤྱི་བདེ་ལས་ཁུངས་དང་མཁས་གྲུབ་ལགས། ༢༠༡༧།༡།༢༡ མདོ་ལྷོ་རྨ་ཆུ་རྫོང་སྤྱི་བདེ་ལས་ཁུངས་དང་མཁས་གྲུབ་ལགས། ༢༠༡༧།༡།༢༡
བོད་འབྱོར།

མདོ་སྨད་རྨ་ཆུ་རྫོང་མུ་ར་ནས་ཡིན་པའི་སྨན་པ་མཁས་གྲུབ་ལགས་ཡང་བསྐྱར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག
ཉེ་ཆར་སྤྱི་ཟླ་ ༢ ཚེས་ ༢༧ ཉིན་མདོ་སྨད་ཀན་ལྷོ་ཁུལ་རྨ་ཆུ་རྫོང་མུ་ར་ཡུལ་ཚོའི་མུ་ར་དགོན་པའི་སྨན་ཁང་གི་དབུ་འཛིན་སྨན་པ་མཁས་གྲུབ་ལགས་རྒྱ་ནག་གཞུང་གིས་ཡང་བསྐྱར་བཙན་འཁྲིད་བྱས་ཏེ་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་འདུག
ད་ཐེངས་ཁོང་འཛིན་བཟུང་བྱེད་དོན་གསལ་ཁ་མེད་པ་རེད།  དེ་སྔོན་ཁོང་ ༢༠༡༦ ལོའི་སྤྱི་ཟླ་ ༡༢ ཚེས་ ༡༣ ཉིན་འཇུ་བཟུང་རྗེས་གཟའ་འཁོར་འགའ་ཤས་རིང་བཀག་ཉར་བྱས་རྗེས། མཐར་ ༢༠༡༧ སྤྱི་ཟླ་ ༡ ཚེས་ ༢༡ ཉིན་གློད་གྲོལ་བཏང་ཞིང་། སྐབས་དེར་ཁོང་གི་ཐོག་ཁྲིམས་ཐོག་ནས་ཉེས་ཆད་གང་ཡང་བཀལ་མེད་ཀྱང་།  ཐེངས་འདིའི་འཇུ་བཟུང་རྗེས་ད་ཆ་སྨན་པ་མཁས་གྲུབ་ལ་ཁྲིམས་ཐོག་ནས་ཉེས་ཆད་འགེལ་སྲིད་ས་གནས་ཡུལ་མི་དང་ཁོང་གི་ནང་མིས་སྨན་པ་མཁས་གྲུབ་ལགས་ལ་ཁྲིམས་ཐག་གཅོད་སྲིད་པར་སེམས་ཁྲལ་བྱེད་ཀྱིན་ཡོད་འདུག
སྨན་པ་མཁས་གྲུབ་ལགས་ཕྱི་ལོ ༡༩༦༧ ལོར་རྨ་ཆུ་རྫོང་མུ་ར་ཡུལ་ཚོ་རུ་སྐྱེས་ཤིང་། ད་སྐབས་དགོན་པའི་སྨན་ཁང་གི་དབུ་འཛིན་དང་སྨན་པ་གཙོ་བོ་ཡིན་ལ། ས་གནས་དེའི་མི་ཕྱུགས་གཉིས་ཀྱི་ནད་པར་ནད་བཅོས་གནང་གི་ཡོད་འདུག

གསར་འགོད་པ་སངས་རྒྱས་རྡོ་རྗེ། ཕྱོགས་བསྒྲིགས་མཁན་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎