འཇིཊ་སྐུལ་བས་བསད་པའི་བུད་མེད་དེས་བོད་མིར་རོཊ་པ་བྱས་མྱོང་འདུག


2015.02.13
འཇིགས་སྐུལ་དྲག་སྤྱོད་པས་དམར་བསད་བཏང་བའིKayla Mueller འཇིགས་སྐུལ་དྲག་སྤྱོད་པས་དམར་བསད་བཏང་བའིKayla Mueller
དྲ་བཤུས

འཇིགས་སྐུལ་དྲག་སྤྱོད་པས་དམར་བསད་བཏང་བའི་ཨ་རིའི་བུད་མེད་དེ་བོད་དོན་རྒྱབ་སྐྱོར་བ་ཞིག་ཡིན་པར་ཐུགས་གསོ་སྨོན་ལམ་གནང་འདུག
དེ་ཡང་ཉིན་ཤས་གོང་ཁ་ཆེའི་ལྟ་བ་འཁྲེགས་པོར་འཛིན་མཁན་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་མཁན། ISIཞེས་པའི་ཚོགས་པས་དོ་དམ་འོག་ནས་ལྐོག་བསད་བཏང་བའི་ཨ་རིའི་བུད་མེད་ལོ་ན་ཉི་ཤུ་རྩ་དྲུག་ཡིན་པ་Kayla Muellerཞེས་པ་དེ་ནི་ལོ་ཤས་གོང་རྡ་རམ་ས་ལའི་ནང་བཞུགས་མྱོང་ཡོད་པ་མ་ཟད་། བོད་མི་ཚོར་དབྱིན་ཡིག་སློབ་ཁྲིད་བྱས་པ་སོགས་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་འདུག གནས་ཚུལ་ལྟར་ན། གོང་ཞུས་བུད་མེད་ཀེ་ལ་ཞེས་པ་ཕྱི་ལོ་༢༠༡༠ལོར་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འགའ་ཤས་ནང་ཕྱག་རོགས་གནང་མྱོང་ཡོད་འདུག གནས་ཚུལ་ནང་བཀོད་པར་ལྟར་ན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྷ་ཞེས་པ་དང་། Tibet Hope Center Learning for Tibetཞེས་པ་སོགས་ཚོགས་པ་ཁག་གི་ནང་ལས་དོན་འདྲ་མིན་ཐོག་རོགས་པ་བྱེད་མྱོང་མཁན་གྱི་བུད་མེད་བཟང་པོ་ཞིག་ཡིན་ལུགས་གོང་ཞུས་ཚོགས་པ་དེ་དག་གི་འབྲེལ་ཡོད་ཚོས་ངོ་སྤྲོད་གནང་བ་དང་ཆབས་ཅིག་ཁོང་གློ་བུར་རྐྱེན་ལམ་དུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་གོ་ཐོས་བྱུང་བར་བློ་ཕམ་བྱུང་ལ་ཐུགས་གསོའི་སྨོན་ལམ་རྒྱབ་ཡོད་ལུགས་འགྲེལ་བརྗོད་གནང་འདུག
ཁོང་ཕྱི་ལོ་༢༠༡༣ལོའི་ཕྱི་ཟླ་བརྒྱད་པའི་ནང་། སི་རི་ཡའི་ནང་Spanish Doctors Without Bordersཞེས་པའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་ལས་ཀ་བྱེད་བཞིན་པའི་སྐབས། ཁ་ཆེའི་འཇིགས་སྐུལ་ཚོགས་པ་ISIཞེས་པའི་ཚོགས་མི་ཚོས་ཁོ་མོ་དང་། ཁོ་མོའི་དགའ་རོགས་སི་རི་ཡའི་བུ་ཞིག་ཡོད་པ་ཁོང་གཉིས་འཛིན་བཟུང་དོ་དམ་འོག་བཞག་ཡོད་པ་ཞིག་ཡིན་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎