བོད་ནང་གི་འཐབ་རྩོད་ལ་རྒྱབ་སྐྱོར་མ་གནང་བ་དེ་ནི་བྱེད་སྲོལ་ངན།

བཀའ་ཁྲིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་མ་གནང་བ་དེ་ནི་བྱེད་སྲོལ་ངན་པ་རེད་གསུངས་འདུག

2012.01.18

༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས་བོད་ནང་བོད་མི་ཚོས་རྒྱ་མིའི་དབང་སྒྱུར་ལ་ངོ་རྒོལ་གྱི་རང་ལུས་མེར་བསྲེག་བསྟུད་མར་གཏོང་བཞིན་པའི་གནས་ཚུལ་བྱུང་བཞིན་སྐབས་འདིར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་མ་གནང་བ་དེ་ནི་བྱེད་སྲོལ་ངན་པ་ཞིག་རེད་ཅེས་གསུངས་བཞག།
རྒྱ་གར་གྱི་IANS གསར་ལས་ཁང་གིས་བཀའ་བློན་ཁྲི་པ་མཆོག་ལ་བཅར་འདྲི་ཞུས་པའི་སྐབས། གལ་ཏེ་བོད་པའི་ལས་འགུལ་ལ་རྒྱབ་སྐྱོར་མ་གནང་བ་ཡིན་ན། འཛམ་གླིང་གི་ཕྱོགས་གང་སར་འཐབ་རྩོད་ཀྱི་ལས་འགུལ་མང་པོ་ཡོང་བཞིན་ཡོད་པ་དེ་ཚོས་ག་རེ་བསམ་གྱི་རེད་ཅེས་དང༌། ཁོང་ཚོས་བསམ་པར་འཚེ་མེད་ཞི་བ་དང་དམངས་གཙོའི་ལམ་ལ་ཕྱིན་ལ་ཕན་ཐོག་མི་འདུག་མཉམ་པའི་སེམས་འཚབ་ཡོང་རྒྱུ་དང༌། བོད་ནང་བོད་མི་མང་པོ་དེ་ཙམ་གྱིས་ལུས་སྲོག་བློས་གཏོང་བྱས་ནས་རང་དབང་འཐབ་རྩོད་བྱེད་ཀྱི་འདུག་། ཡིན་ནས་སུས་ཀྱང་ཡ་བྱེད་ཀྱི་མི་འདུག་བསམ་ནས་ སེམས་ཤུགས་ཆགས་ཀྱི་རེད་ཅེས་བཀའ་ཁྲི་བློ་བཟང་སེངྒེ་མཆོག་གིས་གསུངས་བཞག།
དེང་སང་གི་དུས་ཚོད་དེར་ཚོགས་པ་ཞིག་གིས་དྲག་འཐབ་བྱས་པ་ཡིན་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཛ་དྲག་ཆེན་པོར་རྩིས་ནས་དངུལ་གྱི་རོགས་རམ་ཕྲལ་དུ་གནང་གི་ཡོག་རེད། འོན་ཀྱང་བོད་ནང་གྱོང་མགུན་ཆེན་པོ་ཕོག་ཚར་བ་རེད། རྒྱབ་སྐྱོར་ཕྱི་དྲག་པ་རེད། གལ་ཏེ་བོད་པའི་རྩ་དོན་ལྟ་བུ་འཚེ་མེད་ཞི་བའི་འཐབ་ལམ་དང་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གནང་བ་ཡིན་ན། གཞན་ལ་མིག་དཔེ་བཟང་པོ་ཞིག་བསྟོན་ཐུབ་ཀྱི་རེད། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ནང་གི་གནས་སྟངས་ཛ་དྲག་རྩིས་ནས་། བོད་མི་ཚོས་རང་ལུས་མེར་བསྲེག་བཏང་བའི་གནས་སྟངས་འགོག་ཐབས་གནང་དགོས་ཀྱི་རེད་ཅེས་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎