བཙན་བྱོལ་ནང་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་༥༧འཁོར་བ།


2017.09.03
བཙན་བྱོལ་ནང་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་༥༧འཁོར་བ། མང་གཙོའི་ལམ་ལུགས་ནང་ཐོབ་ཐང་དང་འགན་འཁུར་གཉིས་ནི་ཊམ་ཀ་གཅིག་གི་ངོས་གཉིས་ལྟར་ཕན་ཚུན་ཡ་མ་བྲལ་བར་འགྲོ་དགོས་སྐོར་གསུངས་བ།
བོད་མིའི་སྒྲི་གའཛུགས།

བཙན་བྱོལ་ནང་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་༥༧འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་བཀའ་ཤག་གིས་གསུང་བཤད་གནང་བའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀྲིན་ལ་བརྟེན་ནས་བཙན་བྱོལ་ནང་མང་གཙོའི་འཕེལ་རིམ་སྐོར་དང་། དེ་བཞིན་བོད་མི་ཚང་མ་མཐུན་ལམ་རྡོག་རྩ་གཅིག་བསྒྲིལ་བྱ་རྒྱུ་གལ་ཆེ་ཡིན་པ་དང་།  སླད་ཕྱིན་ཆད་གཞིས་བྱེས་གཉིས་སུ་འཁོད་པའི་བོད་མི་རྣམས་ནས་རང་ལུས་མེར་སྲེག་རྩ་བ་ནས་མ་གནང་རོགས་གནང་ཞེས་འབོད་སྐུལ་བསྐྱར་དུ་ཞུས་གནང་བཞག
དེ་བཞིན་བཀའ་ཤག་གི་གསུང་བཤད་ནང་ སྤྱིར་བཏང་མང་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་མི་འདྲ་བ་མང་པོ་ཡོང་ཆོག་པ་ཞིག་ཡིན་ནའང་། དེ་དག་ལ་བརྟེན་ནས་ནང་ཁུལ་འགལ་ཟླ་དང་། འཁྲུག་རྩོད། ཕྱོགས་སྒྲིལ་བཅས་བྱུང་ན་ཕན་ལས་གནོད་ཚབས་ཆེ་བ་འགྱུར་ངེས་ཡིན་པ་དང་།  དེ་བཞིན་མང་གཙོའི་ལམ་ལུགས་ནང་ཐོབ་ཐང་དང་འགན་འཁུར་གཉིས་ནི་ཊམ་ཀ་གཅིག་གི་ངོས་གཉིས་ལྟར་ཕན་ཚུན་ཡ་མ་བྲལ་བར་འགྲོ་དགོས་པ་ལས། འགན་འཁུར་རྩ་བ་ནས་མི་དགོས་པའི་སྨྲ་བརྗོད་རང་དབང་སོགས་ཀྱི་ཐོབ་ཐང་ལོངས་སྤྱོད་བྱས་ནས་སྐད་འཕྲིན་ཟེར་བ་སོགས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁུངས་མེད་དཀྲོགས་གཏམ་སྤེལ་བ་དང་། གཞི་མེད་སྐྱོན་འཛུགས་བྱེད་པ། ནང་ཁུལ་འཁྲུག་རྐྱེན་བཟོ་བ་སོགས་ནི་ཁྲིམས་ལུགས་དང་བཟང་སྤྱོད་གཉིས་ཀ་དང་ཡོངས་སུ་འགལ་བ་མ་ཟད། དགྲ་བོ་དང་དགྲ་བོའི་རྒྱུགས་ཁྱི་ཚོགས་སྒེར་རྣམས་ལ་དགོས་པའི་གལ་ཆེའི་ལག་ཆར་འགྱུར་ངེས་ཡིན་པས། བོད་མི་རྒན་གཞོན་ཚང་མས་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་དེ་རིགས་ལ་ཡིད་གཟབ་གནང་དགོས་པའི་འབོད་སྐུལ་གནང་བཞག།
གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎