ཨོསིཀྲོ་ལི་ཡའི་གྲོས་ཚོགས་ཚོགས་གཙོར་འཚམས་འདྲི།

ཨོསིཀྲོ་ལི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཚོགས་གཙོར་བསྐོ་བཞག་བྱུང་བར་བོད་མིའི་སྒྲིག་འཛུགས་ཀྱིས་འཚམས་དྲི་ཞུས་འདུག

2011.11.28

༄༅༎ཨོསིཀྲོ་ལི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཚོགས་གཙོར་བསྐོ་བཞག་བྱུང་བར་བོད་མིའི་སྒྲིག་འཛུགས་ཀྱིས་འཚམས་དྲི་ཞུས་གནང་འདུག
ཕྱི་ཚེས་༢༥ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་དེ་སྔ་ཨོསིཀྲོ་ལི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་པི་ཀྲར་སི་ལི་པཱར་མཆོག་ཨོསིཀྲོ་ལི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོར་བསྐོ་བཞག་བྱུང་བར་འཚམས་འདྲི་ཞུས་གནང་ཡོད་པ་དང་ འཚམས་འཕྲིན་ནང་འཁོད་དོན་ལྟར་ན་ སྐུ་ཉིད་ཨོསིཀྲོ་ལི་ཡའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བསྐོ་བཞག་བྱུང་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན་ སྐུ་ཉིད་དེ་སྔ་ཨོསིཀྲོརི་ཡའི་གྲོས་ཚོགས་འོག་མའི་ཚོགས་གཞོན་གྱི་ཐུགས་འགན་བཞེས་པའི་སྐབས་ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ཉིས་སྟོང་དགུ་ལོའི་ཟླ་བ་དྲུག་པའི་ནང་ཨོསིཀྲོ་ལི་ཡའི་གྲོས་ཚོགས་སུ་གདན་འདྲེན་ཞུས་གནང་ཡོད་པ་མ་ཟད་ ལོ་དེའི་ཕྱི་ཟླ་བདུན་པའི་ནང་ཁྱེད་ཀྱིས་སྣེ་འཁྲིད་དེ་ཨོསིཀྲོ་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་ཅིག་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་སུ་ཕེབས་པ་དེ་དག་ལ་ང་ཚོས་དགའ་སེམས་འཁོལ་བའི་ངང་རྗེས་དྲན་ཞུ་བཞིན་ཡོད་ཅེས་དང་ དེ་བཞིན་ཉེ་ལམ་བོད་ནང་བོད་མི་༡༡གིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་བྱུང་བ་དེ་ལས་དེང་སྐབས་བོད་ནང་་དོན་དངོས་ཐོག་དམག་ཁྲིམས་སྡོམ་བཞིན་ཡོད་པ་ར་སྤྲོད་གསལ་པོ་ཐུབ་པར་བརྟེན་སྐུ་ཉིད་ཀྱིས་དམིགས་བསལ་གོ་གནས་དེའི་ཐོག་ནས་བོད་ཀྱི་གནད་དོན་མགྱོགས་མྱུར་སེལ་རྒྱུའི་འབད་རྩོན་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་སོགས་འཁོད་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎