བཀའ་ཤག་ནས་རྒྱ་ཁྱབ་གོ་རྟོགས་སྤེལ་བའི་ལས་འགུལ།

བོད་མིའི་སྒྲིག་འཛུགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དེར་གདུང་སེམས་མཉམ་བསྐྱེད་རྒྱབ་སྐྱོར་ཐོབ་ཆེད་འཛམ་གླིང་རྒྱ་ཁྱབ་ཏུ་གོ་རྟོགས་ལས་འགུལ་མུ་མཐུད་སྤེལ་རྒྱུའི་གསལ་བསྒྲགས་བྱས་འདུག

2012.12.04

དེ་ཡང་གསར་འགོད་གསལ་བསྒྲགས་ནང་། བོད་ནང་ད་བར་བོད་མི་གྲངས་ ༩༠ ལྷག་གིས་རང་ལུས་མེར་སྲེག་བཏང་བ་མ་ཟད། རང་ལུས་མེར་སྲེག་བཏང་བའི་ཛ་དྲག་གི་གནས་སྟངས་མུ་མཐུད་གནས་བཞིན་ཡོད། ཕྱི་ལོ་ ༢༠༡༢ ལོར་བོད་མི་གྲངས་ ༧༧ གྱིས་རང་ལུས་མེར་སྲེག་བཏང་ཡོད་པའི་ཁོངས་ནས་ལོ་འདིའི་ཕྱི་ཟླ་ ༡༡ ནང་རང་ལུས་མེར་སྲེག་གཏོང་མཁན་བོད་མི་གྲངས་ ༢༨ བྱུང་ཡོད་པ་དེ་ལྟར་ནའང་། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་མུ་མཐུད་བྱེད་བཞིན་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དེར་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཐོབ་ཆེད་འཛམ་གླིང་རྒྱ་ཁྱབ་ཏུ་གོ་རྟོགས་ལས་འགུལ་མུ་མཐུད་སྤེལ་རྒྱུའི་ཆ་ཤས་སུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༥ རེས་གཟའ་ལྷག་པའི་ཉིན་བོད་མིས་རང་ལུས་མེར་སྲེག་བཏང་བའི་སྐོར་བརྙན་འཕྲིན་སྐར་མ་བཅུ་ཅན་ཞིག་དང་། དྲ་རྒྱ་མེག་ཀོ་རོ་ས་ཡི་ཊི་ microsite དེ་བཞིན་ངོ་དེབ་ཀྱི་ཤོག་ངོས་གསར་བསྐྲུན་བྱས་པ་དེ་ཡང་ཉིན་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་འབྱེད་གནང་སྟེ་བོད་དོན་ཐོག་རྒྱལ་སྤྱིའི་རྒྱབ་སྐྱོར་ཇེ་ཆེར་རག་ཐབས་གནང་རྒྱུ་ཡིན་འདུག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་ཛ་དྲག་གི་གནས་སྟངས་དེར་ཡར་ལན་གང་ཡང་མ་བྱས་པར་བཏང་སྙོམས་སུ་འཇོག་མི་རུང་།

སྲིད་གཞུང་ཁག་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ། དེ་བཞིན་མི་སྒེར་བཅས་ཀྱིས་རྒྱ་ནག་གཞུང་ལ་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་སེལ་དགོས་པའི་རེ་འདུན་འདོན་རྒྱུའི་ལས་འགུལ་ཤུགས་ཆེ་རུ་བཏང་བ་ཡིན་ན་ནུས་པ་ཞིག་ཐོན་ངེས་ཡིན། བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱིས་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་འབོད་ཚིག་སྒྲོག་བཞིན་ཡོད་བ་སོགས་འཁོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎