ཨཕ་ག་ནིསྟན་ལ་མུ་མཐུད་མཐུན་འགྱུར་ཡོང་བའི་འབོད་སྐུལ།
2011.12.04
༄༅༎ཨཕ་ག་ནིསྟན་གྱི་སྲིད་འཛིན་མཆོག་ནས་རྒྱལ་སྤྱིའི་ཐོག་ནས་མུ་མཐུན་མཐུན་འགྱུར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
དེ་ཡང་ཨཕ་གན་གྱི་སྲིད་འཛིན་ཁར་ཛ་ཡི་མཆོག་གིས་འཇར་མན་གྱི་དུས་དེབ་ཤིག་ལ་བཅར་འདྲི་དང་ལན་སྐབས་གསུངས་པའི་ནང་དོན་ཁག་ཅིག་རོཡི་ཊར་གསར་འགྱུར་ལས་ཁང་ནས་ལུང་འདྲེན་བྱེད་པར་ལྟར་ན། ཁོང་གིས། ང་ཚོའི་རྒྱལ་ཁབ་ནང་དམག་མི་ཚོར་ཟབ་སྦྱོང་སྤྲོད་རྒྱུ་དང་། གཞན་ཡང་སྲུང་སྐྱོབ་དང་འབྲེལ་བའི་གོ་མཚོན་སྤུས་ཚད་ཡག་ཏུ་གཏོང་རྒྱུ་དང་། དེ་བཞིན་ཉེན་རྟོག་མི་སྣ་གསར་འཛུགས་དང་སྦྱོང་བརྡར་སྤྲོད་རྒྱུ་སོགས་གང་ཅིའི་ཐད་ཡར་རྒྱས་གཏོང་ཐབས་སུ་དམིགས་ནས་མ་འོངས་ལོ་བཅུ་ཕྲག་གཅིག་ཙམ་རིང་རྒྱལ་སྤྱིའི་ཐོག་ནས་མུ་མཐུད་ནས་ང་ཚོར་མཐུན་འགྱུར་སྤྲོད་དགོས་རྒྱུའི་འབོད་སྐུལ་ཞུ་དགོས་ཆགས་རྒྱུ་ཡིན་ལུགས་གསུངས་འདུག།