༸རྒྱལ་བ་ཀརྨ་པ་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་སྐོར།

ཀརྨ་པ་རིན་པོ་ཆེས་༸གོང་ས་མཆོག་གི་བོད་རྒྱ་དཀའ་རྙོག་སེལ་རྒྱུའི་དབུ་མའི་ལམ་དེར་རྒྱབ་སྐྱོར་ཤུགས་ཆེ་ཞུ་གི་ཡོད་སྐོར་གསུངས་འདུག

2009.09.21

༄༅༎རྒྱ་གར་གྱི་གསར་ཤོག་ཤིག་གིས་རྒྱལ་བ་ཀརྨ་པ་རིན་པོ་ཆེར་གནད་དོན་གང་ཅིའི་ཐོག་གནས་འདྲི་ཞུས་སྐབས་ཀརྨ་པ་རིན་པོ་ཆེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བོད་རྒྱ་དཀའ་རྙོག་སེལ་རྒྱུའི་དབུ་མའི་ལམ་དེར་རྒྱབ་སྐྱོར་ཤུགས་ཆེ་ཞུ་གི་ཡོད་སྐོར་གསུངས་འདུག

དེ་ཡང་ཀརྨ་པ་རིན་པོ་ཆེས་༸གོང་ས་མཆོག་གི་དབུ་མའི་ལམ་དེས་བོད་ནང་གི་བོད་མི་མ་ཟད་རྒྱ་ནག་གི་མི་མང་ལ་ཁེ་ཕན་ཆེན་པོ་ཡོད་སྐོར་དང་དབུ་མའི་ལམ་དེར་བོད་མི་བརྒྱ་ཆ་དགུ་ཅུ་ཙམ་ཞིག་གིས་རྒྱབ་སྐྱོར་ཡོད་སྐོར་གསུངས་འདུག ཡང་ཀརྨ་པ་རིན་པོ་ཆེར་རྒྱ་དཀར་ནག་གི་འབྲེལ་བའི་སྐོར་བཀའ་འདྲི་ཞུས་སྐབས་སྤྱིར་བཏང་རྒྱལ་ཁབ་སོ་སོའི་ཁེ་ཕན་ཆེད་ལས་དོན་སྤེལ་གྱི་ཡོད་ནའང་ངའི་བསམ་པར་རྒྱ་ནག་གིས་རྒྱ་གར་གྱི་ས་མཚམས་ནང་འཛུལ་ཞུགས་བྱེད་རྒྱུ་དེ་རྒྱ་གར་ཕྲན་བུ་མི་བདེ་བ་བཟོ་ཆེད་མིན་ནམ་དྲན་གྱི་འདུག་ཅེས་བཀའ་ལན་གནང་འདུག ཡང་རིན་པོ་ཆེ་ཡིས་རྒྱ་གར་དེང་སྐབས་འཛམ་གླིང་ནང་ནུས་སྟོབ་རྒྱས་བཞིན་པའི་རྒྱལ་ཁབ་ཅིག་ཆགས་ཀྱི་ཡོད་སྟབས་དེར་གནོད་ཐབས་ཆེད་རྒྱ་ནག་གི་སྲིད་བྱུས་དེ་འདྲ་ཞིག་འཛིན་པ་མིན་ནམ་ཞེས་གསུངས་འདུག ཡང་གང་ཉིད་དང་རྒྱ་ནག་བར་གྱི་འབྲེལ་བའི་གནས་བབ་སྐོར་བཀའ་འདྲི་ཞུས་སྐབས་ཀརྨ་པ་རིན་པོ་ཆེས་ངོས་རང་བོད་ནང་ཡོད་སྐབས་རྒྱ་ནག་གཞུང་གིས་བཀོད་སྡོམ་འོག་སྡོད་དགོས་ཡོད་པ་དང་ངོས་རང་རྒྱ་གར་རང་དབང་ཅན་གྱི་རྒྱལ་ཁབ་ནང་འབྱོར་རྗེས་རྒྱ་ནག་གཞུང་དང་འབྲེལ་བ་འབྱུང་གཞི་མེདསྟབས་འབྲེལ་བ་ཡང་རྩ་བ་ནས་མེད་ཅེས་བཀའ་ལན་གནང་འདུག གཞན་ཡང་གང་ཉིད་སྐབས་རེ་དེང་དུས་ཨ་རིའི་ཧིཔ་ཧོཔ་གླུ་གཞས་གསན་རྒྱུ་དེ་དུས་རབས་ཉེར་གཅིག་པའི་མི་རབས་ཡིན་པའི་མཚོན་རྟགས་ཤིག་ཀྱང་ཆགས་ཀྱི་ཡོད་སྐོར་དང་གློག་ཆས་རྩེད་རིག་ལྦི་ཌི་ཡོ་གེམ་ཡང་རྩེད་གནང་གི་ཡོད་སྐོར་བཀའ་ལན་གནང་འདུག ཡང་མ་འོངས་པར་བོད་མིའི་དབུ་འཁྲིད་ཀྱི་འགན་དབང་བཞེས་གནང་མིན་སྐོར་བཀའ་འདྲི་ཞུས་སྐབས་ཀརྨ་པའི་ལོ་རྒྱུས་ནང་ཀརྨ་པ་སྐུ་ཐོག་གོང་མ་རྣམས་ཆོས་ཕྱོགས་ཀྱི་དབུ་འཁྲིད་གནང་ཡོད་སྐོར་དང་བོད་མིའི་ནང་༸གོང་ས་མཆོག་གི་དགོངས་བཞེད་འགྲུབ་ཐུབ་གནང་མཁན་མང་པོ་ཡོད་སྐོར་དང་ད་ལྟ་འདྲི་བ་དེར་ལན་འདེབས་བྱེད་པའི་དུས་ལ་བབས་མེད་སྐོར་སོགས་བཀའ་ལན་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎