རྒྱལ་བ་ཀརྨ་མཆོག་རྒྱ་བོད་ས་མཚམས་སུ་ཕེབས་ཆོག་པ།།

རྒྱལ་བ་ཀརྨ་པ་མཆོག་རྒྱ་བོད་གཉིས་ཀྱི་ས་མཚམས་ཁུལ་ཆོས་འབྲེལ་གྱི་ཐོག་ནས་ཕེབས་ཆོག་པ་རྒྱ་གར་གཞུང་གིས་ཆོག་མཆན་གནང་ཡོད་པ་རེད་

2008.09.03

༄༅༎རྒྱལ་བ་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོར་རྗེ་མཆོག་རྒྱ་བོད་གཉིས་ཀྱི་ས་མཚམས་ཁུལ་ཁག་ཅིག་ནང་ཆོས་འབྲེལ་གྱི་ཐོག་ནས་ཕེབས་ཆོག་པ་རྒྱ་གར་གཞུང་གིས་ཆོག་མཆན་གནང་ཡོད་པ་རེད་ཅེས་ཁ་ས་རེས་གཟའ་མིག་དམར་ཉིན་ཕྱིར་སྡོད་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་བཀོད་འདུག

རྒྱལ་བ་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོར་རྗེ་མཆོག་འདི་ལོ་ཕྱི་ཟླ་བདུན་པའི་ནང་རྒྱ་བོད་གཉིས་ཀྱི་ས་མཚམས་ས་ཁུལ་ལ་དྭགས་དང་ ཧི་མ་ཅལ་མངའ་སྡེའི་ཁུལ་དུ་ཡོད་པའི་ནང་པའི་དགོན་པ་དང་ས་ཁུལ་ཁག་ཅིག་ནང་ཆོས་འབྲེལ་གྱི་མཛད་འཕྲིན་བསྐྱང་གནང་བར་ཕེབས་ཆོག་པའི་རྒྱ་གར་གཞུང་ལ་བཀའ་ཁྲོལ་ཞུས་ཡོད་ཀྱང་ད་བར་རྒྱ་གར་གཞུང་ནས་ཀརྨ་པ་མཆོག་ས་ཁུལ་དེ་ཚོའི་ནང་ཕེབས་ཐོན་ཆོག་པའི་བཀའ་ཁྲོལ་གནང་མེད་པ་རེད་ ཡིན་ནའང་ད་ཆ་གོང་ཞུས་ས་ཁུལ་ཁག་ནང་ཆོས་འབྲེལ་གྱི་མཛད་འཆར་བསྐྱང་བར་ཕེབས་ཆོག་པའི་རྒྱ་གར་གཞུང་གི་བཀའ་ཁྲོལ་ཐོབ་གནང་ནས་ཕྱི་ཟླ་དགུ་པའི་ཚེས་༨ནས་བཟུང་ཐོག་མར་ལ་དྭགས་ནས་དབུ་བཙུགས་ཀྱིས་ཆོས་འབྲེལ་མཛད་འཆར་བསྐྱང་གནང་རྒྱུའི་ཐོག་རིམ་བཞིན་ལ་ཧོལ་དང་སི་པི་ཊི་སོགས་པ་འཛམ་གླིང་ནང་སྙན་གྲགས་ཅན་གྱི་ཏ་བོ་དགོན་པ་སོགས་སུ་ཆོས་འབྲེལ་གྱི་མཛད་པ་བསྐྱང་གནང་བར་ཕེབས་གནང་རྒྱུ་ཡིན་པ་རེད་ རྒྱལ་བ་ཀརྨ་པ་མཆོག་བཙན་བྱོལ་ནང་བྲོས་བྱོལ་དུ་ཕེབས་ནས་ལོ་ངོ་བརྒྱད་ཙམ་འགྲོ་ཡི་ཡོད་ཅིང་དེའི་ནང་ནས་དུས་ཡུན་མང་ཆེ་བ་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་རྒྱུད་སྟོད་དགོན་པའི་ནང་གཏན་བཞུགས་གནང་བཞིན་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎