ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་བཀའ་སློབ།

ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་རྒྱ་ནག་གི་བདེ་འཇགས་དམག་མི་ཚོ་ཡང་འགྲོ་བ་མི་རེད་ཅེས་བཀའ་གནང་ཡོད་པ་རེད།

2011.12.25

༄༅༎ཀརྨ་པ་ སྐུ་ཕྲེང་ ༡༧ པ་ ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ རྒྱ་ནག་གི་བདེ་འཇགས་དམག་མི་ཚོ་ཡང་ འགྲོ་བ་མི་རེད་ཅེས་ བཀའ་གནང་ཡོད་པ་ My News Interactive Media ཞེས་པའི་གསར་ལས་ཁང་གིས་ རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཁེ་ས་གནས་ཚུལ་སྤེལ་འདུག་ དེ་ཡང་རྒྱལ་བ་ཀརྨ་པ་མཆོག་གིས་ ༢༠༠༥འི་ལོར་ བོད་ནས་ཆིབས་རྟ་བཞོན་ཏེ་ རྒྱ་གར་དུ་བཙན་བྱོལ་ལ་ཕེབས་སྐབས་ རྒྱ་ནག་གི་ས་མཚམས་དམག་མི་དེ་ཚོ་ཡང་ འགྲོ་བ་མི་ཤིག་ཡིན་པ་ཁོང་གི་ཐུགས་ནང་རྟག་ཏུ་འཚོར་གནང་ཡོད་པ་དང་
གནས་ཚུལ་དེ་བཞིན་ རིན་པོ་ཆེ་ཡིས་ཡང་ནས་ཡང་དུ་བསྐྱར་ཟློས་གནང་གི་ཡོད་ཞེས་ གཟའ་སྤེན་པའི་ཉིན་ རྒྱ་གར་གྱི་རྒྱལ་སའི་ནང་ ཕྱི་ལོ་ ༡༡༡༠འི་ལོར་ ཀརྨ་པ་སྐུ་ཕྲེང་དང་པོ་ དུས་གསུམ་མཁྱེན་པ་སྐུ་གཏམས་ནས་ ད་ཕན་མི་ལོ་ ༩༠༠ ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བྱམས་བསྩེའི་སྐོར་བཀའ་སློབ་གནང་སྐབས་ལུང་འདྲེན་གནང་ཡོད་པ་རེད་ རིན་པ་ཆེ་མཆོག་གིས་ དང་ཐོག་ལ་ ང་དང་ ངའི་ཆིབས་ཞབས་པ་ཚོ་ བོད་ནས་བྲོས་བྱོལ་བྱ་སྐབས་ རྒྱ་ནག་གི་ས་མཚམས་དམག་མི་ཚོ་དང་ ང་ཚོའི་བར་ལ་གདོང་མཐུག་བྱ་སྲིད་པའི་ཉེན་ཁར་བཞེད་སྣང་ཤིན་ཏུ་ཆེན་པོ་འཚོར་ཏེ་ ང་ཚོས་རྒྱ་མིའི་དམག་མི་ཚོ་ གདོན་འདྲེ་ནང་བཞིན་དུ་མཐོང་བ་ལས་ ཁོང་ཚོ་ཡང་འགྲོ་བ་མི་ཡིན་པར་མཐོང་ཕྱོགས་བཟུང་མེད་ ཡིན་ནའང་ ཕྱིས་སུ་རིམ་པས་བྱས་ཏེ་ རྒྱ་མིའི་པུ་ལི་སི་དེ་ཚོ་ཡང་ ང་ཚོ་ནང་བཞིན་མི་ཡིན་པ་དང་ ང་ཚོས་ཁོང་ཚོར་ གདོན་འདྲེར་གདོང་ལེན་བྱས་པ་ནང་བཞིན་མ་ཡིན་པར་ མི་ཡིས་མི་ལ་གདོང་ལེན་བྱེད་ཀྱི་ཡོད་པ་དང་ རྒྱ་མིའི་དམག་མི་ཚོར་བཞེད་སྣང་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མཐོང་མ་སོང་ཞེས་གསུང་གནང་ཡོད་པ་རེད་ ཁོང་གིས་མུ་མཐུད་དེ་ གལ་ཏེ་ང་ཚོ་ཚང་མས་ ནང་ཆོས་ཉམས་སུ་ལེན་ཏེ་ གཞན་ལ་དགྲ་རུ་འཛིན་རྒྱུའི་ཚབ་ཏུ་བྱམས་བསྩེའི་ངང་ མཐོང་ཚུལ་འཛིན་སྟངས་འདི་རང་རྒྱུད་ལ་སྐྱེས་ཅིང་ འཇགས་ཐབས་བྱས་པ་ཡིན་ན་ རང་གཞན་ཀུན་ལ་ཕན་པ་རླབས་ཆེན་གྲུབ་ཀྱི་རེད་ལ་ མི་དང་མིའི་དབར་གྱི་འགལ་ཟླའི་རིགས་སུ་གཏོགས་པ་ཆུང་དུ་འགྲོ་གི་རེད་ཅེས་མཛད་སྒོ་དེའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎