ཀརྨ་པའི་བླ་བྲང་གི་དྲུང་ཡིག་ཁྲིམས་ཁང་དུ་ཉན་ཞིབ་བྱས་པ།
2011.02.05
༄༅༎དཔལ་རྒྱལ་དབང་ཀརྨ་པའི་བླ་བྲང་གི་དྲུང་ཡིག་དགོན་པོ་ཚེ་རིང་ལགས་དང་བསྟན་འཛིན་རྣམ་རྒྱལ་ལགས་གཉིས་ལ་གཟའ་པ་སངས་ཉིན་ཧེ་མ་ཅལ་མངའ་སྡེའི་ས་འཚམས་ཀྱི་ཨུ་ན་ས་གནས་ཁྲིམས་ཁང་དུ་ཉན་ཞིབ་ཐོག་མ་དེ་བྱས་ཡོད་པ་དང་ དེ་རྗེས་ཕྱི་ཟླ་གཉིས་པའི་ཚེས་༧གཟའ་ཟླ་བའི་ཉིན་ཉན་ཞིབ་རྗེས་མ་དེ་བྱ་རྒྱུ་ཡང་གསལ་བསྒྲགས་བྱས་ཡོད་འདུག
དེ་དང་ཕྱོགས་མཚུངས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་བོད་རིགས་གཟའ་མི་གཉིས་ཡང་དཔལ་རྒྱལ་དབང་ཀརྨ་པའི་བླ་བྲང་གི་དངུལ་ལོར་འཕོན་ཆེ་ཐོན་པའི་དོན་རྐྱེན་དེའི་ནང་ཐེ་རྟགས་ཡོད་པར་དོགས་གཞི་བྱས་ནས་ འཇུ་བཟུང་བྱས་པ་མ་ཟད་ དངུལ་ཁང་གི་དངུལ་འགྲོ་འོང་ཡོངས་རྫོགས་བཀག་སྡོམ་བྱས་ནས་དངུལ་གྱི་ཡོངས་ཁུངས་དང་ཕྱིར་འགྲོ་རྩོད་ཞིབ་བྱ་རྒྱུ་དང་ གཟའ་མི་དེ་གཉིས་ལ་ཕྱི་ཟླ་གཉིས་པའི་ཚེས་༨ཉིན་རྒྱ་གར་ཁྲིམས་ཁང་གིས་ཉན་ཞིབ་བྱ་རྒྱུ་ཡིན་ལུགས་དོན་རྐྱེན་དེའི་ཐོག་རྟགས་དཔྱད་བྱེད་མཁན་གྱི་རྒྱ་གར་གྱི་ཉེན་རྟོག་དཔོན་པི་ཨེལ་ཐའ་ཀུར་ཟེར་བས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་ཡོད་འདུག རྒྱ་གར་ཉེན་རྟོགས་པས་ཚུར་བུ་བླ་བྲང་དུ་རྔོག་བཤེར་བྱས་ནས་དངུལ་འཕོན་ཆེ་ཐོན་པའི་དོན་རྐྱེན་དེའི་ནང་མི་གྲངས་བདུན་ཉེན་རྟོགས་ལས་ཁང་གི་བཀག་ཉར་བྱས་ཡོད་པ་རེད།