རྩོམ་ཡིག་འགྲན་བསྡུར་གྱི་ལམ་ནས་ཀརྨ་པ་མཆོག་གི་འཁྲུངས་སྐར་སྲུང་བརྩི།


2018.06.27
རྩོམ་ཡིག་འགྲན་བསྡུར་གྱི་ལམ་ནས་ཀརྨ་པ་མཆོག་གི་འཁྲུངས་སྐར་སྲུང་བརྩི། 2018 རྩོམ་ཡིག་འགྲན་བསྡུར་གྱི་ལམ་ནས་ཀརྨ་པ་མཆོག་གི་འཁྲུངས་སྐར་སྲུང་བརྩི། 2018
མཐུན་འགྱུར་པར་རིས།

རྩོམ་ཡིག་འགྲན་བསྡུར་གྱི་ལམ་ནས་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་བར་བོད་ཕྱི་ནང་གཉིས་ནས་མཉམ་ཞུགས་གནང་འདུག
དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་ཆེད་དྲ་ལམ་ནས་རྩོམ་ཡིག་འགྲན་བསྡུར་གནང་བའི་ནང་མཉམ་ཞུགས་གནང་མཁན་མང་ཆེ་བ་བོད་ནང་ནས་ཡིན་པ་དང་། བྱ་དགའ་ཨང་དང་པོ་ནས་གསུམ་པ་བར་ཐོབ་མཁན་ཚང་མ་བོད་ནང་ནས་ཡིན་འདུག
དེ་ཡང་དྲ་ལམ་ནས་དཔལ་རྒྱལ་དབང་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་ལས་འགུལ་གོ་སྒྲིག་གནང་མཁན་གྲས་ད་ལྟ་འབྲུག་ཡུལ་དུ་ཡོད་པའི་ཐོ་རེངས་སྐར་ཆེན་ཞུ་བ་ཁོང་གིས། སྤྱི་ཚེས་ ༢༦ ཉིན་འདི་ག་རླུང་འཕྲིན་ཁང་གི་ཁ་བའི་གྲོས་རྭའི་ལེ་ཚན་ནང་གནས་ཚུལ་འགྲེལ་བརྗོད་གནང་བའི་ནང་། དྲ་ཐོག་ནས་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དེ་སྤྱི་ལོ་ ༢༠༡༣ ལོ་ནས་འགོ་འཛུགས་གནང་ཡོད་པ་དང་། དེ་ཡང་རྩོམ་ཡིག་འགྲན་བསྡུར་གྱི་ལམ་ནས་སྤེལ་དགོས་དོན་ནི་གཅིག་ནས་དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་མཛད་པ་འཕྲིན་ལས་སྤེལ་ཕྱོགས་དང་སྐུ་ཆེ་བའི་ཡོན་ཏན་ལ་ཞབས་འདེབས་ཕྲན་བུ་བྱུང་ན་བསམ་པ་དང་། གཉིས་ནས་བོད་མི་རིགས་ཀྱི་འབྲེལ་བ་དམ་པོར་བཅིངས་མཁན་དེ་སྐད་ཡིག་ཡིན་དུས་སྐད་ཡིག་ལ་གསོན་ཤུགས་འཕེལ་བའི་ཆེད་དུ་ཡིན་པ་གསུངས་འདུག
ཡང་ཁོང་གིས་མུ་མཐུད་དུ་འགྲེལ་བརྗོད་གནང་བའི་ནང་། ལོ་ལྟར་རྩོམ་ཡིག་འགྲན་བསྡུར་ནང་འགྲན་ཞུགས་བྱེད་མཁན་ ༡༦༠ ནས་ ༢༠༠ ལྷག་བར་ཡོང་གི་ཡོད་པ་དེ་དག་མང་ཆེ་བ་བོད་ནང་ནས་ཡིན་པ་དང་། རྩོམ་ཡིག་དེ་དག་དྲ་ཐོག་འཁྲུངས་སྐར་གོ་སྒྲིག་ཚོགས་ཆུང་ལ་འབྱོར་རྗེས་བོད་ཕྱི་ནང་གཉིས་ནས་དཔྱད་འདེམས་པ་བཞི་ཡོད་པ་ཁོང་རྣམས་ལ་སྤྱན་འབུལ་ཞུས་ནས་ཨང་དང་པོ་ནས་གསུམ་པ་བར་བྱ་དགའ་སྤྲོད་ཀྱི་ཡོད་ཅིང་། ད་ལོ་ཨང་དང་པོ་ནས་གསུམ་པ་བར་ཐོབ་མཁན་ཚང་མ་བོད་ནང་གི་དགེ་འདུན་པ་རྐྱང་ཡིན་འདུག
འདི་ལོ་ཨང་དང་པོ་བོད་ནས་རྩོམ་པ་པོ་ལྗང་ཆུང་ཟེར་བ་དང་། ཨང་གཉིས་པ་རྩོམ་པ་པོ་ཆང་རྐྱལ། ཨང་གསུམ་པ་ཚ་བ་ཞོགས་འཁར་ཞུ་བ་ཁོང་རྣམས་ལ་ཐོབ་ཡོད་འདུག
དེ་བཞིན་རྩོམ་ཡིག་འགྲན་བསྡུར་གྱི་དཔྱད་འདེམས་པ་ཡང་བོད་ཕྱི་ནང་གཉིས་ནས་ཡོད་པ་རེད་འདུག
སྤྱིར་ཨང་རིམ་ནང་མ་ཚུད་ན་ཡང་འགྲན་ཞུགས་རྩོམ་ཡིག་དེ་དག་ཚང་མ་དཔལ་རྒྱལ་དབང་ཀརྨ་མཆོག་ལ་སྤྱན་འབུལ་ཞུ་གི་ཡོད་པ་མ་ཟད། དེབ་གཟུགས་སུ་ཡང་འགོད་ཀྱིན་ཡོད་པ་ལྟར་ད་ལོ་དེབ་ཕྲེང་བཞི་པ་དེ་ཆགས་ཀྱི་ཡོད་པ་སོགས་གསུང་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎