ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག

2024.11.30
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག ཀརྨ་ཚེ་བརྟན་གྱི་པར། ཟླ་ཚེས་མི་གསལ།
chinese state media

ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༢༨ ཉིན་ཏེ། རྒྱ་ནག་གཞུང་གིས་བཙན་ཐབས་ཀྱིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་གྲོས་ཚོགས་ཐེངས་ ༡༣ སྟེང་། བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོ་ཡན་ཅན་ཧའེ་ཟེར་བ་བརྗེ་སྤོར་གྱིས། ལས་ཚབ་ཏུ་དེ་སྔ་བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་པའི་རྒྱུན་ལས་དང་། རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་ཁང་དུ་ལས་གཉེར་བྱས་མྱོང་མཁན་བོད་རིགས་ཀརྨ་ཚེ་བརྟན་བསྐོ་གཞག་གཏན་འཁེལ་བྱུང་ཡོད་པ་བསྒྲགས་འདུག་ན་ཡང་། འདི་ལོའི་ཟླ་ ༡ ནང་ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་གསར་པར་བསྐོ་བཞག་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས། ཡོང་རྒྱུའི་དུས་ཚོད་ནང་ཀརྨ་ཚེ་བརྟན་གྱི་གོ་གནས་མཐོ་བའི་འགན་འཁུར་རྒྱུའི་རྣམ་པ་འདུག་ན་ཡང་། བོད་རིགས་འགོ་ཁྲིད་ཚོར་གོ་གནས་མཐོ་སར་ཕྱིན་ཀྱང་ཕན་ཐོགས་མེད་སྐོར། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་འགྲེལ་བརྗོད་གནང་ཡོད་པ་རེད།

ཐེངས་འདིར་ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་འཐུས་ཚོགས་སྐབས་ ༡༢ པའི་རྒྱུན་ལས་ཚོགས་འདུ་ཐེངས་ ༡༣ སྟེང་བསྐོ་གཞག་དང་། དེ་སྔ་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོ་ཡན་ཅིན་ཧའེ་ཟེར་བས་དགོངས་ཞུ་བྱས་ཡོད་པ་བསྒྲགས་འདུག་པ་ལས། ཁོ་བསྐྱར་དུ་གོ་གནས་ག་འདྲ་ཞིག་ལ་བསྐོ་མིན་སོགས་གསལ་ཁ་གང་ཡང་མི་འདུག་ལ། ཀརྨ་ཚེ་བརྟན་ནི་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་ཆེ་ཁག་ཡོངས་ལ་རྒྱུན་དུ་མཉམ་ཞུགས་དང་། བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་པའི་སྣེ་ཁྲིད་མི་གྲངས་ ༡༢ ཁྲོད་ཀྱི་གཅིག་ཡིན་ཞིང་། དེ་མིན་ཁོས་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་འགོ་ཁྲིད་ཀྱི་གོ་གནས་ཁག་ཅིག་འཁུར་ཡོད་ན་ཡང་། རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་ཏུ་ཁོས་དེ་སྔ་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་གྱི་གོ་གནས་འཁུར་སྐབས། མི་མང་འཐུས་ཚོགས་ཀྱི་རྒྱུན་ལས་འགོ་གཙོ་བྱེད་སྐབས་ཀྱི་རིང་། སློབ་གྲྭ་ཁག་ཏུ་དམར་ཕྱོགས་ཚོགས་པའི་སྲིད་དབང་སྐོར་གྱི་ཟབ་སྦྱོང་དང་། ཁ་བྲལ་བར་འཐབ་རྩོད་ཀྱི་ཚོགས་འདུ་ཁག་ལ་མཉམ་ཞུགས་དང་གཙོ་སྐྱོང་བྱས་སྐོར་སོགས་བཀོད་འདུག

ཀརྨ་ཚེ་བརྟན་ནི་ཕྱི་ལོ་ ༡༩༦༧ ལོ་བོད་ཀྱི་འཇོ་མདའ་རུ་སྐྱེས་ཤིང་། ཁོས་དེ་སྔ་བོད་རང་སྐྱོང་ལྗོངས་ནག་ཆུ་ས་གནས་ཀྱི་རྒྱུན་ལས་འགོ་གཙོ་གཞོན་པ་དང་། ནག་ཆུ་ས་གནས་སྲིད་ཁྲིམས་ལས་ཁུངས་ཀྱི་འགོ་ཁྲིད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ལས་གནས་འཁུར་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ནས་བཟུང་བོད་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རྒྱུན་ལས་ཚོགས་མི་དང་། བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་གཙོའི་ལས་གནས་གཉེར་ཡོད་འདུག་ལ། ཕྱི་ལོ་ ༢༠༢༤ ཟླ་ ༥ ནས་བཟུང་ཁོས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་འགོ་གཙོ་གཞོན་པར་བསྐོ་གཞག་གིས་ད་བར་ལས་གནས་དེ་གཉེར་ཡོད་འདུག

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎