བཀའ་བློན་ཁྲི་པ་མཆོག་ནས་ལྕམ་ནེན་སི་པེ་ལོ་སིར་ཐུགས་གསོ།

བཀའ་བློན་ཁྲི་པ་མཆོག་ནས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་ལ་ཐུགས་གསོའི་འཚམས་དྲིན་ཞིག་ཕུལ་ཡོད་འདུག

2010.11.03

༄༅༎ཨ་རིའི་གྲོས་ཚོགས་འཐུས་མིའི་འོས་འདེམས་ནང་གྲོས་ཚོགས་འོག་མའི་འཐུས་མིའི་འོས་བསྡུའི་ནང་མང་གཙོ་ཚོགས་པར་ཕམ་ཉེས་བྱུང་ནས་གྲོས་ཚོགས་ཀྱི་ཚོགས་གཙོའི་ཞབས་བསྟེགས་ཤོར་བའི་གནས་སྟངས་ཐོགབཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ནས་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་ལ་ཐུགས་གསོའི་འཚམས་དྲིན་ཞིག་ཕུལ་ཡོད་པ་དང་ དེའི་ནང་ད་རེས་ཀྱི་ཨ་རིའི་འོས་བསྡུའི་བར་མའི་འབྲས་བུ་དེ་བཞིན་ཐ་མའི་འབྲས་བུ་ཞིག་ཡིན་པར་ཁྱེད་ཀྱི་དགོངས་པ་བཞེས་ཀྱི་མེད་པར་ཡིད་ཆེས་ཞུ་ཡི་ཡོད་  འོས་བསྡུའི་གྲུབ་འབྲས་དེ་བཞིན་ཨ་རིའི་མི་མང་གི་རྒྱལ་ཁ་དང་གཡོ་འགུལ་ལྡན་པའི་ཨ་རིའི་དམངས་གཙོའི་ཁྱད་ཆོས་མཚོན་ཐུབ་ཀྱི་ཡོད་པ་དང་ འདིར་ང་ཚོས་ཁྱེད་ནས་འདས་པའི་ལོའི་ནང་ཨ་རིའི་མི་མང་ཚོར་ཞབས་ཞུ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་གོ་སྐབས་འདི་དང་བསྟུན་ནས་ཁྱེད་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་གྱི་དགོངས་ཚུལ་ལ་རྒྱབ་སྐྱོར་གནང་བ་མ་ཟད་  བོད་ཀྱི་གནད་དོན་ཐོག་བོད་མི་ཚོར་རྒྱབ་སྐྱོར་ཆེད་ཉིས་སྟོང་བརྒྱད་ལོར་ཆེད་བསྔགས་བཞུགས་སྒར་དུ་ཕེབས་གནང་བའི་གནས་སྟངས་ད་ལྟ་ཡང་དྲན་པ་གསལ་པོ་འདུག དེར་བརྟེན་ཁྱེད་ཀྱིས་བོད་དོན་ཐོག་ལྷད་མེད་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་སོགས་བཀོད་གནང་ཡོད་འདུག  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎