བཀའ་བློན་ཁྲི་པ་མཚོག་གི་ཨི་ཊ་ལིའི་ནང་འཚམས་གཟིགས།

བཀའ་ཁྲི་མཆོག་ཨི་ཊ་ལིའི་རང་སྐྱོང་ཁུལ་ལྷོ་ཊི་རོལ་གྱི་སྲིད་འཛིན་དང་མཇལ་འཕྲད་གནང་ཡོད་པའི་གནས་ཚུལ།

2012.02.29

༄༅༎བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་གིས་ཨི་ཊ་ལི་རྒྱལ་ཁབ་ཀྱི་རང་སྐྱོང་ཁུལ་ལྷོ་ཀྲའེ་རོལ་རང་སྐྱོང་ཁུལ་གྱི་སྲིད་འཛིན་ དང་མཇལ་འཕྲད་གནང་ཡོད་འདུག
ཟླ་བ་འདིའི་ཕྱི་ཚེས་༢༨ཉིན་ ལྷོ་ཀྲའེ་རོལ་རང་སྐྱོང་ས་གནས་ཀྱི་གཙོ་འཛིན་ལུཨི་ཌན་ལྦོལ་ཌར་མཆོག་གིས་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་དང་ཐུགས་འཕྲད་གནང་ཡོད་ཅིང་། ཁོང་རྣམ་གཉིས་མཇལ་ཕྲད་གནང་བའི་སྐབས་ ལྷོ་ཀྲའེ་རོལ་ཡི་གཙོ་འཛིན་ནས་ང་ཚོའི་མི་མང་དབར་མཛའ་འབྲེལ་གཏིང་ཟབ་ཡོད་པ་དང་། གཞོན་སྐྱེས་དབུ་ཁྲིད་ཁྱེད་ཀྱིས་ང་ཚོའི་དབར་གྱི་མཛའ་འབྲེལ་མུ་མཐུད་རྒྱུན་འཛིན་གནང་བར་ཧ་ཅང་དགའ་པོ་བྱུང་། ལྷོ་ཀྲའེ་རོལ་ཁོངས་མི་རིགས་འདྲ་མིན་གསུམ་ཡོད་པ་དང་། རང་སྐྱོང་གི་གནས་བབ་འོག་ཞིང་ཆེན་འདིའི་ནང་ཞི་བདེ་དང་བདེ་འཇགས་ཡོད་ཅིང་། རྒྱ་ནག་གིས་ཀྱང་ལྷོ་ཀྲའེ་རོལ་གྱི་རང་སྐྱོང་གི་ངོ་བོ་ནས་མིག་དཔེ་ལེན་ཆོག་གི་རེད་ཅེས་གསུང་འདུག  དེའི་སྐབས་བཀའ་བློན་ཁྲི་པ་མཆོག་གིས་ ལྷོ་ཀྲའེ་རོལ་ལ་འགྲན་ཟླ་མེད་པའི་རང་སྐྱོང་ཡོད་པ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་གསལ་རེད་ཅེས་གསུངས་ཡོད་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎