བཀའ་ཁྲི་ནས་ཆོས་ལུགས་ཁག་གི་གྲོས་ཚོགས་ཐོག་གསུང་བཤད།

བཀའ་བློན་ཁྲི་པ་མཆོག་གིས་ཨོ་སི་ཀྲོ་ལི་ཡའི་ནང་ཚུགས་བཞིན་པའི་འཛམ་གླིང་གི་ཆོས་ལུགས་ཁག་གི་གྲོས་ཚོགས་ཐོག་གསུང་བཤད་གནང་རྒྱུ།

2009.12.05

༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཟླ་བ་འདིའི་ཚེས་བདུན་ནས་བཅུ་གཅིག་བར་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་མཱེལ་སྦེན་ནང་ཚུགས་བཞིན་པའི་འཛམ་གླིང་གི་ཆོས་ལུགས་ཁག་གི་གྲོས་ཚོགས་ཐོག་གསུང་བཤད་གནང་རྒྱུའི་ཆེད་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཨོ་སི་ཀྲོ་ལི་ཡ་རུ་དེ་རིང་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གཞུང་འབྲེལ་དྲིལ་བསྒྲགས་གནང་འདུག ཆོས་ལུགས་ཚོགས་ཆེན་གྱི་ཚེས་དགུའི་སྔ་དྲོ་བྱམས་བརྩེ་ནི་འགྲོ་བ་མིའི་རིན་ཐང་ཡིན་པ་དང་འཛམ་གླིང་ནང་གི་བཟའ་བཅའི་དཀའ་གནད་སེལ་ཐབས་བྱ་རྒྱུ་ནི་ཆོས་ཕྱོགས་ཀྱི་ཁ་གཏད་ཅེས་པའི་བརྗོད་གཞིའི་ཐོག་ལ་བཀའ་བློན་ཁྲི་པ་མཆོག་གིས་གསུང་བཤད་བསྩལ་གནང་མཛད་རྒྱུ་ཡིན་པ་རེད་ ཉི་མ་བདུན་རིང་ཚོགས་རྒྱུའི་ཆོས་ལུགས་ཁག་གི་གྲོས་ཚོགས་ཚོགས་ཆེན་དེ་ནི་ཟླ་བ་འདིའི་ཚེས་གསུམ་ཉིན་ནས་བཟུང་དབུ་ཚུགས་ཡོད་པ་དང་ ཚོགས་ཆེན་དེར་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པས་འཛམ་གླིང་གི་ས་ཕྱོགས་སྣ་ཚོགས་ནས་ཆོས་ལུགས་འདྲ་མིན་གྱི་མི་སྣ་གྲངས་༨༠༠༠ཙམ་གྱིས་མཉམ་ཞུགས་གནང་དང་གནང་མུས་ཡིན་པ་རེད་ ཟླ་བ་འདིའི་ཚེས་བཅུའི་ཉིན་མོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་བྱ་དགའ་འབུལ་བཞེས་མཛད་དེ་མི་ལོ་ཉི་ཤུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་མཛད་སྒོར་བཀའ་བློན་ཁྲི་པ་མཆོག་གིས་ཆིབས་བསྒྱུར་བསྐྱང་གནང་རྒྱུ་ཡིན་པ་རེད།   

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎