བཀའ་ཁྲི་མཆོག་ཡོ་རོབ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས།

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་མཆོག་བདུན་ཕྲག་རྗེས་མ་ཡོ་རོབ་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད་འདུག

2011.11.17

༄༅༎བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་མཆོག་ བདུན་ཕྲག་རྗེས་མ་ ཡོ་རོབ་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད་འདུག༎
ཕེ་རན་སིའི་རྒྱལ་ས་པེ་རི་སི་ནང་རྟེན་གཞི་བྱས་པའི་བོད་ཀྱི་དོན་གཅོད་ཁང་གིས་མགྲིན་ཚབ་པ་ཚེ་རིང་དོན་གྲུབ་ལགས་ཀྱིས་ ཕེརན་སི་གསར་ལས་ཁང་ལ་འགྲེལ་བརྗོད་གནང་དོན་ལྟར་ན་ བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་འདི་ཟླའི་ཚེས་༢༡ནས་ཕྱི་ཟླ་བཅུ་གཉིས་པའི་ཚེས་༢བར་ ཡོ་རོབ་ཁུལ་གཞུང་འབྲེལ་གཟིགས་སྐོར་དབུ་འཛུགས་ཀྱིས་ ཐོག་མར་སུད་ཛི་ལེནདྲ་དང༌ དེ་ནས་རིམ་པས་ཕེ་རན་སི་དང༌ འཇར་མ་ནི། སུད་ཌེན། ནོར་ལྦེ། སྦེལ་ཇེམ། བཅས་སུ་ཕྱོགས་བསྐྱོད་གནང་རྒྱུ་ཡིན་འདུག་ བཀའ་ཁྲི་མཆོག་གིས་གོང་གསལ་ཡུ་རོབ་ཡུལ་ཁག་དེ་ཚོའི་ནང་གྲོས་ཚོགས་གོང་འོག་གི་ཁྲིམས་བཟོ་བ་ཁག་ཅིག་ཟུར་མཇལ་གནང་རྒྱུ་དང༌དེ་བཞིན་ཁུལ་དེའི་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག གཟིགས་སྐོར་འདི་བཞིན་བཀའ་ཁྲི་མཆོག་གི་ཡོབ་རོབ་ནང་གཞུང་འབྲེལ་གྱི་གཟིགས་སྐོར་ཐོག་མ་དེ་ཡིན་པའི་ཁར་ ད་ལམ་བོད་ཀྱི་ཛ་དྲག་གི་གནས་སྟངས་དང་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་རྩིད་སྤྲོད་གནང་བ་སོགས་ཕྱོགས་གང་ས་ནས་བལྟས་ཀྱང་གཟིགས་སྐོར་འདི་གནད་འགག་ཆེན་པོ་ཡིན་པར་ངོས་འཛིན་གནང་གི་ཡོད་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎