བཀའ་བློན་འོས་འདེམས་གྱི་དོན་ཚན་ལ་རྒྱབ་སྐྱོར་མ་ཐོབ་པ།

བཅའ་ཁྲིམས་ནང་བཀའ་བློན་གཞན་གྱི་འོས་འདེམས་ཀྱི་དོན་ཚན་དེར་བཟོ་བཅོས་གྲོས་འཆར་ལ་རྒྱབ་སྐྱོར་མ་ཐོབ་པས་བསྒྱུར་བ་ཕྱིན་མེད་པ་རེད།

2011.09.28

༄༅༎བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བཀའ་བློན་གཞན་གྱི་འོས་འདེམས་ཀྱི་དོན་ཚན་དེར་བཟོ་བཅོས་གྲོས་འཆར་ལ་རྒྱབ་སྐྱོར་མ་ཐོབ་པས་བསྒྱུར་བ་ཕྱིན་མེད་པ་རེད།
དེ་ཡང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་བཀའ་བློན་གཞན་གྱི་འོས་འདེམས་སྐོར་བསྒྱུར་བཅོས་གཏོང་རྒྱུའི་བཟོ་བཅོས་ཁྲིམས་འཆར་ཞིག་གྲོས་ཚོགས་སུ་ཕུལ་བར་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ཀྱིས་རྒྱབ་སྐྱོར་གནང་ཡོད་པ་རེ། ཁྲིམས་འཆར་དེའི་ནང་བཀའ་བློན་ཁྲི་པ་དེས་རང་གི་བཀའ་ཤག་ལྷན་ཚོགས་སུ་བཀའ་བློན་ཇི་དགོས་མང་མཐའ་བདུན་ལས་མ་བརྒལ་བའི་མི་འགྲོའི་མིང་དང་། ལོ་རྒྱུས་བཅས་བཅའ་ཁྲིམས་དོན་ཚན་༢༡་བར་གསལ་བའི་འོས་ཆོས་ཚང་ལུགས་བཅས་སྤྱི་འཐུས་ལྷན་ཚོགས་སུ་གསལ་བཤད་དང་སྦྲགས་འབུལ་དགོས།  དེ་རྗེས་འོས་གཞི་སོ་སོའི་ཐོག་ངོ་ཡོད་སྤྱི་འཐུས་ཡོངས་རྗོགས་ཀྱིས་གསང་བའི་འོས་ཤོག་འཕེན་ཏེ་འོས་འདེམས་བྱེད་དགོས།  ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ལྔ་བཅུ་ལས་མི་ཉུང་བའི་འོས་ཤོག་ཐོབ་པ་ཡིན་ན་བཀའ་བློན་དུ་འོས་ཐོན་གསལ་བསྒྲགས་གནང་རྒྱུ་”ཞེས་འཁོད་ཡོད་པ་རེད།  དེ་སྔ་བཅའ་ཁྲིམས་ནང་བཀའ་བློན་ཇི་དགོས་མང་མཐའ་བདུན་ལས་མ་བརྒལ་བའི་མི་འགྲོའི་མིང་དང་ལོ་རྒྱུས་བཅས་བཅའ་ཁྲིམས་དོན་ཚད་༢༡་བར་གསལ་བའི་འོས་ཆོས་ཚང་ལུགས་བཅས་སྤྱི་འཐུས་ལྷན་ཚོགས་སུ་གསལ་བཤད་དང་སྦྲགས་འབུལ་གནང་ཡོད་པ་རེད།  དེའི་ཐོག་སྤྱི་མོས་བྱུང་ན་སྨོས་མེད་། མ་བྱུང་ཚེ་སྤྱི་མོས་མ་བྱུང་བའི་འོས་གཞི་སོ་སོའི་ཐོག་ངོ་ཡོད་སྤྱི་འཐུས་ཡོངས་རྫོགས་ཀྱིས་གསང་བའི་འོས་ཤོག་འཕེན་དགོས་ཚུལ་འཁོད་ཡོད་པ་རེད།  ད་ལམ་བཟོ་བཅོས་དེའི་ནང་དོན་གཙོ་བོ་ནི་བཀའ་བློན་གྱི་འོས་གཞི་རྣམས་ལ་ཡིན་གཅིག་མིན་གཅིག་འོས་ཤོག་བླུག་དགོས་པ་ལས་འོས་ཤོག་མ་བླུགས་པར་སྤྱི་མོས་གཏོང་སའི་ལམ་ཁ་མེད་པ་བཟོ་རྒྱུ་དེ་ཡིན། ཡང་གྲོས་ཚོགས་ནང་བཅའ་ཁྲིམས་ལ་བཟོ་བཅོས་གཏོང་བའི་ཁྲིམས་འཆར་དེར་རྒྱབ་སྐྱོར་མ་ཐོབ་པས་འགྱུར་བ་ཕྱིན་མེད་པ་རེད།  དེ་ག་ནང་བཞིན་སྤྱི་འཐུས་སྨན་པ་མཁྱེན་རབ་ལགས་ཀྱིས་བཀའ་བློན་གྱི་འོས་གཞི་ཆ་ཚང་ངམ་ ཡང་ན་འོས་གཞི་བྱེ་བྲག་པར་དཔྱད་ཞིབ་བྱེད་པར་དུས་ཚོད་དགོས་པའི་དགོངས་འཆར་སྤྱི་འཐུས་སུ་རུང་ནས་བྱུང་ན་ཉིན་གཅིག་ལས་མ་བརྒལ་བའི་དུས་ཚོད་སྤྲོད་དགོས་པའི་བཅའ་ཁྲིམས་ལ་བཟོ་བཅོས་ཁྲིམས་འཆར་ཞིག་གྲོས་ཚོགས་སུ་ཕུལ་བར་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་རྒྱབ་སྐྱོར་གནང་ཡོད་པ་རེད། དེར་གྲོས་ཚོགས་ནང་བགྲོ་གླེང་གནང་བའི་མཐར་ཁྲིམས་འཆར་དེ་ལའང་རྒྱབ་སྐྱོར་ཐོབ་མེད་པས་བཅའ་ཁྲིམས་ནང་བཀའ་བློན་གཞན་གྱི་འོས་འདེམས་བྱེད་སྟངས་སྐོར་འགྱུར་བ་གང་ཡང་མ་ཕྱིན་པར་སྔོན་ལྟར་གཅིག་མཚུངས་སུ་གནས་དགོས་བྱུང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎