ཉི་ཧོང་གིས་རྡུལ་ཕྲན་ནུས་ཤུགས་བེད་སྤྱོད་བཏང་ཟིན་པའི་རྙིགས་རོ་རྒྱ་མཚོའི་ནང་བཏང་འདུག

2023.08.24
ཉི་ཧོང་གིས་རྡུལ་ཕྲན་ནུས་ཤུགས་བེད་སྤྱོད་བཏང་ཟིན་པའི་རྙིགས་རོ་རྒྱ་མཚོའི་ནང་བཏང་འདུག
ཨེ་ཨེཕ་པི།

དེ་ཡང་ཉི་ཧོང་གི་ཁྱིམ་མཚེས་ལྷོ་ཀོ་རི་ཡའི་མང་ཚོགས་ནང་། ཉི་ཧོང་གི་རྡུལ་ཕྲན་ནུས་ཤུགས་བཟོ་གྲྭ་ནས་རྡུལ་ཕྲན་ནུས་ཤུགས་སུ་བེད་སྤྱོད་བཏང་བའི་ཆུ་རྙིགས་རྒྱ་མཚོའི་ནང་གཏོང་རྒྱུར་ཞེད་སྣང་བྱེད་བཞིན་ཡོད་པ་ལྟར། ལྷོ་ཀོ་རི་ཡའི་ལས་མི་བེུད་Kim Mijeong ཟེར་བས་ཨེ་ཕེ་པི་གསར་འགྱུར་ལས་ཁང་གིས་བཅར་འདྲིར་དང་ལེན་བྱས་ཏེ། ཁོང་གིས་རྒྱ་མཚོའི་ཟས་རིགས་ཟ་རྒྱུ་མཚམས་འཇོག་བྱས་པ་དང་། དེ་ནི་ཉི་ཧོང་གི་རྡུལ་ཕྲན་ནུས་ཤུགས་བཟོ་གྲྭའི་ཆུ་རྙིགས་རྣམས་རྒྱ་མཚོའི་ནང་བཏང་པའི་ཆུ་ལ་བློ་བདེ་པོ་མེད་པའི་སྐོར་འགྲེལ་བརྗོད་བྱས་འདུག
འོན་ཀྱང་ཕྱི་རྒྱལ་གྱི་ཆེད་ལས་པ་མང་པོས། ཉི་ཧོང་གི་རྡུལ་ཕྲན་ནུས་ཤུགས་ཀྱི་བཟོ་གྲྭའི་ཆུ་རྙིགས་རྣམས་རྒྱ་མཚོའི་ནང་བཏང་བ་དེ་ཡིས་། ཁོར་ཡུག་དང་འགྲོ་བ་མིའི་བདེ་ཐང་ལ་སེམས་ཁྲལ་བྱེད་དགོས་པའི་ཉེན་ཁ་ཆེན་པོ་མེད་པ་གསུངས་ཡོད་ལ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་ཤུགས་ལས་ཁང་གིས། ཁོང་ཚོའི་ཆེད་ལས་མི་སྣ་རྣམས་ཀྱིས་ས་གནས་སུ་འཆར་གཞི་ལྟར་ལས་དོན་གནང་བཞིན་ཡོད་པ་དང་། ཆུ་རྙིགས་ཕྱི་ཟླ་༨ཚེས་༢༤ རེས་གཟའ་ཕུར་བུའི་ཉིན་ནས་རྒྱ་མཚོའི་ནང་གཏོང་རྒྱུ་འགོ་བཙུགས་པ་དང་ཉི་ཧོང་གི་ཁྱིམ་མཚེས་ཨེ་ཤེ་ཡའི་རྒྱལ་ཁབ་ལྷོ་ཀོ་རི་ཡའི་ནང་གི་མང་ཚོགས་ནང་ཞེད་སྣང་དང་མི་བདེ་བ་བྱུང་བཞིན་ཡོད་པ་རེད་འདུག
སྤྱི་ཚེས་༢༤ཉིན། རྒྱ་ནག་གི་བཟའ་ཆས་ཕྱི་ནང་དུ་འདྲེན་པའི་བདེ་འཇགས་རྟོག་དཔྱོད་ཁང་གིས་ཉི་ཧོང་གིས་རང་འདོད་ཀྱིས་རྡུལ་ཕྲན་གྱི་ཆུ་སྙིགས་རྒྱ་མཚོར་བཏང་བའི་དབང་གིས་རྒྱ་ནག་མི་མང་གི་ཚེ་སྲོག་གི་བདེ་འཇགས་ཀྱི་ཆེད་དུ་ཉི་ཧོང་གི་མཚོ་ཟས་རིགས་ནང་འདྲེན་བྱ་རྒྱུ་གནས་སྐབས་རིང་མཚམས་འཇོག་བྱས་ཚུལ་བསྒྲགས་ཡོད་འདུག
ཡིན་ནང་ཉི་ཧོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་རྟོག་དང་མཉམ་འབྲེལ་གྱིས་རྒྱལ་སྤྱིའི་རྡུལ་ཕྲན་གྱི་ཆུ་སྙིགས་རྒྱ་མཚོར་བཏང་ཆོག་པའི་བདེ་འཇགས་ཀྱི་ཚད་གཞི་ལོངས་ཡོད་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ཀྱང་ཉི་ཧོང་གི་རྡུལ་ཕྲན་སྙིགས་ཆུ་གཏོང་སྟངས་དེ་བདེ་འཇགས་ཡིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་འདུག་ལ། དོན་དུ་རྒྱ་ནག་གིས་ཉི་ཧོང་གི་ཚོང་དོན་ལ་འཛམ་གླིང་དུ་བག་ཆགས་ངན་པ་འཇོག་ཐབས་ཙམ་ཡིན་པ་ལས་རྒྱ་ནག་རང་ཉིད་ཀྱིས་ནམ་རྒྱུན་རྡུལ་ཕྲན་གྱི་གཙང་དག་གི་ཚད་གཞི་དེ་རྒྱལ་སྤྱིའི་ཚད་གཞི་དང་སླེབས་མེད་པའི་ཚེ་སྲོག་ལ་གནོད་འཚེ་ཅན་གྱི་ཆུ་སྙིགས་རྒྱ་མཚོར་གཏོང་བཞིན་ཡོད་པ་མ་ཟད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚན་པར་སྣང་མེད་གཏོང་གིན་ཡོད་པའི་སྐོར་འཁོད་ཡོད་པ་རེད།
གསར་འགོད་པ། གཡུ་སྒྲོན།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎