ཨི་ཊ་ལི་གྲོས་ཚོགས་འཐུས་མིས་བོད་ཀྱི་གནས་སྟངས་ལ་བློ་འཚབ།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨི་ཊ་ལི་གཞུང་དམངས་ནས་བོད་ཐོག་ལ་རྒྱབ་སྐྱོར་གནང་བ་དེ་ནི་འཚེ་མེད་ཞི་བའི་ཐབས་ལམ་ལ་རྒྱབ་སྐྱོར་གནང་བར་ངོས་འཛིན་གནང་གི་ཡོད་གསུངས།

2012.10.26

༄༅།    །སྲིད་སྐྱོང་མཆོག་དེང་སྐབས་ཡོ་རོབ་ཁུལ་དུ་འཚམས་འདྲིར་ཕེབས་ཡོད་པ་ལྟར། ཕྱི་ཟླ་བཅུ་པའི་ཚེས་༢༤  ཉིན་Italy རྒྱལ་ས་Room དུ་འཚམས་འདྲི་འགོ་འཛུགས་གནང་ཞིང༌། ཕྱི་ཚེས་༢༥ ཉིན་འཚམས་འདྲི་ཉིན་གཉིས་པའི་ཐོག་Italy ཡི་ཆབ་སྲིད་ཚོགས་པ་མི་འདྲ་བའི་གྲོས་ཚོགས་ཀྱི་འཐུས་མི་༡༡ དང་མཇལ་འཕྲད་གནང་བ་དང༌། སྐབས་དེར་སྲིང་སྐྱོང་མཆོག་གིས། Italy གྲོས་ཚོགས་ཀྱིས་ད་བར་དུ་བོད་དོན་ཆེད་དུ་རྒྱབ་སྐྱོར་མུ་མཐུད་གནང་བར་ཐུགས་རྗེ་ཆེ་ཞུས་པས་མ་ཟད། ཁྱེད་ཚོའི་རྒྱབ་སྐྱོར་ཧ་ཅང་རྩ་ཆེན་པོ་དང༌། ཁྱེད་ཚོའི་རྒྱབ་སྐྱོར་ནི་མང་གཙོ་དང་འཚེ་མེད་ཞི་བའི་ཐབས་ལམ་ལ་རྒྱབ་སྐྱོར་གནང་བ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད། ཅེས་གསུངས་འདུག    སྲིད་སྐྱོང་མཆོག་ནས་ད་དུང་།    བོད་ནང་དུ་ད་བར་བོད་མི་ཚོས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱེད་ཀྱི་ཡོད། ངོས་ནས་བོད་མི་ཚོར་རང་ལུས་མེར་སྲེག་མ་བཏང་རོགས་ཞེས་འབོད་སྐུལ་ཇི་ཙམ་ཞུས་ཀྱང་ཉེ་ཆར་གཟའ་འཁོར་གཅིག་ནང་དུ་བོད་མི་བཞི་ཡིས་མུ་མཐུད་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་སྲེག་བཏང་ཡོད་པ་རེད། དེ་ཡིས་བོད་ནང་གི་བོད་མི་རྣམས་རྒྱ་ནག་གཞུང་གི་དྲག་གནོན་འོག་ལ་དཀའ་སྡུག་མྱོང་བཞིན་ཡོད་པའི་རྣམ་པ་གསལ་པོ་མཚོན་ཐུབ་པ་ཞིག་རེད། ཅེས་གསུངས།    དེ་རྗེས་Italy གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྲིད་སྐྱོང་མཆོག་ལ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ། གྲོས་ཚོགས་ཀྱི་འཐུས་མི་དྲུག་མཉམ་བཞུགས་གནང་བ་མ་ཟད། ཁོང་ཚོས་ཀྱང་གསར་འགོད་ལྷན་ཚོགས་ཐོག་ལ་བོད་ནང་ཛ་དྲག་གི་གནས་སྟངས་ལ་བློ་འཚབ་ཡོད་པ་དང༌། བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་གཏམ་བཤད་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎