ལུས་རྩལ་དང་ཆབ་སྲིད་མཉམ་བསྲེས་བྱས་ན་མི་འགྲིག་པ།

རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་པས་རྒྱ་ནག་ལ་ལུས་ཙལ་དང་ཆབ་སྲིད་གཉིས་མཉམ་བསྲེས་མ་བྱས་པར་དབྱེ་མཚམས་ཕྱེ་དགོས་པའི་དྲན་སྐུལ་གནང་འདུག

2008.06.25

༄༅༎ཕྱི་ཚེས་༢༡ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་གིས་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བརྒྱུད་སྤྲོད་ཀྱི་མཇུག་སྒྲིལ་མཛད་སྒོའི་ཐོག་ དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྲང་ཆིང་ལི་ཡིས་བོད་ནང་བོད་མི་ཚོའི་རང་བཙན་གྱི་བསམ་བློ་དང་འདུ་ཤེས་ལ་ཚིག་ངན་བེད་སྤྱོད་བཏང་ནས་སྐྱོན་བརྗོད་བྱས་པའི་རྗེས། ཁ་ས་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་པས་རྒྱ་ནག་ལ།  ལུས་ཙལ་དང་ཆབ་སྲིད་གཉིས་མཉམ་བསྲེས་མ་བྱས་པར། དེ་གཉིས་དབར་དབྱེ་མཚམས་ཕྱེ་དགོས་པའི་དྲན་སྐུལ་གནང་འདུག།

རེས་གཟའ་སྤེན་པའི་ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲང་ཆིང་ལི་ཡིས་ མེས་རྒྱལ་གྱི་གཟི་བརྗིད་གོང་འཕེལ་གཏོང་རྒྱུར་འབད་བརྩོན་བྱེད་དགོས་པའི་གཏམ་བཤད་བྱེད་སྐབས། ༸གོང་ས་༸ཏཱ་ལའི་བླ་མ་མཆོག་ལ་རྒྱབ་སྐྱོར་ཞུ་མཁན་ཚོས་ ཕྱི་ཟླ་༨པའི་ཚེས་༨ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚུགས་རྒྱུའི་ཨོ་ལིམ་པིག་རྩེད་འགྲན་ལ་བར་ཆད་གཏོང་ཐབས་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་ཞུས་ཏེ། ཨོ་ལིམ་པིག་རྩེད་འགྲན་གྱི་སྙིང་སྟོབས་ལ་གཟི་བརྗིད་ཆེ་རུ་གཏོང་རྒྱུར། ཏཱ་ལའི་རུ་ཚོགས་དང་ཕྱི་རྒྱལ་དགྲ་གཏད་སྟོབས་ཤུགས་ཤོག་ཁག་གིས་ ཨོ་ལིམ་པིག་རྩེད་འགྲན་ལ་བར་ཆད་གཏོང་རྒྱུའི་ལྐོག་ཤོམ་ལ་ཕམ་ཉེས་གཏོང་རྒྱུ་ཡིན་ཞེས་གཏམ་བཤད་བྱས་ཡོད་པ་རེད།

སུད་སིའི་གྲོང་ཁྱེར་ལུ་ཛེན་ནང་ཡོད་པའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ལས་ཁུངས་ལྟེ་བ་ནས་བཏང་གནང་བའི་མགྱོགས་འཕྲིན་ནང་། པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་ལ་། རྩེད་མོ་དང་ཆབ་སྲིད་གཉིས་མཉམ་བསྲེས་མ་བྱས་པར་དབྱེ་མཚམས་གསལ་པོ་བཟོ་དགོས་པའི་དྲན་སྐུལ་དང་འབྲེལ་། གནད་དོན་དེའི་རིགས་བསྐྱར་དུ་མི་ཡོང་བའི་ཁས་ལེན་བྱ་དགོས་རྒྱུའི་འབོད་སྐུལ་གནང་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎