རྒྱ་ནག་ནང་དྲ་རྒྱ་སྤྱོད་མཁན་ས་ཡ༥༡འཕར་ཡོད་པ།

རྒྱ་ནག་ནང་སྤྱི་ལོ་༢༠༡༢་ལོར་གནས་འཕྲིན་དྲ་རྒྱ་བེད་སྤྱོད་གཏོང་མཁན་ས་ཡ་༥༡འཕར་ཡོད་པས་ད་ཆ་ཁྱོན་བསྡོམས་པས་དྲ་རྒྱ་སྤྱོད་མཁན་ས་ཡ་༥༦༤ཡོད་སྐོར་གསལ་བཏོན་བྱས་ཡོད་པ་རེད།

2013.01.16

དེ་ཡང་གནས་ཚུལ་ལྟར་ན། རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་ནི་སི་པིན་ཡུལ་གྱི་སྤྱིའི་མི་འབོར་ནས་མང་བ་ཡོད་པ་དང་། དེ་བཞིན་རྒྱ་ནག་ནང་ལག་ཐོགས་ཁ་པར་སོགས་ནས་དྲ་རྒྱ་བེད་སྤྱོད་བྱེད་མཁན་ཡང་མང་དུ་ཕྱིན་ཡོད་པ་རེད། དེ་ལྟར་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་ཚོང་ལས་དང་། ཤེས་རིག་ཐོག་དྲ་རྒྱ་བེད་སྤྱོད་ཇེ་མང་དུ་གཏོང་དགོས་པའི་སྐུལ་སྤེལ་བྱས་ཡོད་པ་གང་ཞིག་ལ་ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་ལ་རྒྱབ་གཏོད་བྱེད་མཁན་སོགས་ཀྱི་དྲ་རྒྱའི་རིགས་བཀག་འདོམས་བྱ་དགོས་པའི་དམ་བསྒྲགས་བྱེད་བཞིན་ཡོད་པ་རེད།

མ་ཟད་སུ་ཞིག་གིས་དྲ་རྒྱ་བེད་སྤྱོད་གཏོང་སྐབས་རང་གི་མིང་སོགས་གནས་ཚུལ་

ཁག་དེབ་བསྐྱེལ་བྱེད་དགོས་ཀྱི་ཡོད་པ་དང་། ལྷག་དོན་ཉེ་བའི་ཟླ་བཞི་པའི་ནང་

ཡོངས་གྲགས་ཆེ་བའི་དྲ་རྒྱ་མང་ཆེ་བ་སྒོ་རྒྱག་དགོས་བྱུང་ཡོད་པ་དེ་ཚོ་ཁྲིམས་སྲུང་བྱས་མེད་པའི་སྐོར་བརྗོད་ཡོད་པ་རེད། དེ་ནི་རྒྱ་ནག་གུང་ཁྲན་ཏང་གི་མཐོ་རིམ་ཚོགས་མི་འགོ་ཁྲིད་གྲས་ཡིན་པ་པོ་ཤེ་ལེ་ཡི་དོན་རྐྱེན་བྱུང་སྐབས་དྲ་རྒྱ་མང་པོ་སྒོ་རྒྱབ་ཡོད་པ་དང་། འབྲེལ་ཡོད་མི་དྲུག་འཛིན་བཟུང་བྱས་ཏེ་དཀྲོགས་གཏམ་ཁྱབ་སྤེལ་བྱས་པའི་ཉེས་བཙུགས་ཡང་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎