རྒྱ་ནག་གི་ཧོང་ཀོང་རྒྱལ་ཡོངས་བདེ་སྲུང་ཁྲིམས་གཞིའི་གྲོས་ཆར་ལ་རྒྱལ་སྤྱིའི་ནང་སྐྱོན་བརྗོད་ཇེ་ཆེར་འགྲོ་བཞིན་པ།


2020.05.25
རྒྱ་ནག་གི་ཧོང་ཀོང་རྒྱལ་ཡོངས་བདེ་སྲུང་ཁྲིམས་གཞིའི་གྲོས་ཆར་ལ་ངོ་རྒོལ། རྒྱ་ནག་གི་ཧོང་ཀོང་རྒྱལ་ཡོངས་བདེ་སྲུང་ཁྲིམས་གཞིའི་གྲོས་ཆར་ལ་ངོ་རྒོལ།
reuters

ཕྱི་ཟླ་ལྔ་པའི་ཚེས་ཉི་ཤུ་ལྔ་ཉིན་དེ་སྔ་ཧོང་ཀོང་དབྱིན་ཇིའི་དབང་འོག་ཏུ་ཡོད་པའི་སྐབས་ཧོང་ཀོང་སྤྱི་ཁྱབ་སྲིད་སྐྱོང་ཟུར་པ་Lord Patten མཆོག་དང་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་Sir Malcolm རྣམ་གཉིས་ཀྱིས་སྣེ་འཁྲིད་པས་རྒྱལ་ཁབ་ཉི་ཤུ་རྩ་གསུམ་གྱི་གྲོས་ཚོགས་འཐུས་མི་དང་།        སྲིད་བློན་དང་ཕྱི་སྲིད་དྲུང་ཆེ་ཟུར་པ། དེ་བཞིན་ཁྲིམས་དོན་མཁས་དབང་སོགས་གནད་ཡོད་མི་སྣ་ ༢༡༠ ཙམ་ནས་ཐུན་མོང་གི་ས་རྟགས་འཁོད་པའི་སྤྱི་བསྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་། རྒྱ་ནག་གཞུང་ནས་ཧོང་ཀོང་ནང་ཕྱོགས་གཅིག་ལ་ལྷུང་བའི་ཁྲིམས་གཞི་གསར་བཟོ་བྱེད་འཆར་དེ་ནི་དེ་སྔ་དབྱིན་ཇིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་པའི་སྐབས་གྲོས་མཐུན་བཞག་པ་དེའི་ནང་དོན་དང་རྒྱབ་འགལ་ཆགས་ཀྱི་ཡོད། ང་ཚོ་ཐུན་མོང་གི་སྤྱི་བསྒྲགས་སྤེལ་བ་འདི་ནི་རྒྱལ་སྤྱིའི་ཐོག་ནས་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་གནས་བབས་དེར་རྒྱབ་སྐྱོར་ཡོད་པའི་རྣམ་པ་མཚོན་གྱི་ཡོད་ཅེས་བཀོད་ཡོད་པ་བཅས་གང་ལྟར་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་མང་གཙོ་དོན་གཉེར་བ་ཚོའི་ཐོག་དམ་དྲག་ཇེ་ཤུགས་ཆེ་རུ་གཏོང་རྒྱུའི་ཁྲིམས་གཞི་གསལ་བསྒྲགས་བྱེད་པ་དེར་མཐའ་ཅིག་ཏུ་ངོ་རྒོལ་ཡོད་པའི་རྣམ་འགྱུར་བསྟན་གནང་ཡོད་འདུག གོང་དུ་ཞུས་པའི་སྤྱི་བསྒྲགས་སྤེལ་མཁན་ཁོངས་སུ་དབྱིན་ཡུལ་དང་ཨ་རི་། ཁེ་ན་ཌ། ཨོ་སེ་ཀྲེ་ལི་ཡ་། ཡུ་རོབ་སྤྱི་མཐུན་གྱི་རྒྱལ་ཁབ་ཀྱི་འཐུས་མི། ཤར་ཡུ་རོབ་ཀྱི་ཁོངས་གཏོགས་རྒྱལ་ཁབ། དེ་བཞིན་མ་ལེ་ཤེ་ཡ་སོགས་རྒྱལ་ཁབ་གྲངས་ཉི་ཤུ་རྩ་གསུམ་ཙམ་ཚུད་ཡོད་པ་རེད། ཡང་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་གསང་བའི་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Marco Rubio མཆོག་གིས་ད་རེས་ང་ཚོ་ཐུན་མོང་གི་སྤྱི་བསྒྲགས་སྤེལ་བ་འདིས་ཧོང་ཀོང་གི་རང་སྲིད་རང་སྐྱོང་གི་གནས་བབས་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་མཚོན་ཐུབ་ཀྱི་ཡོད་ལ་ང་ཚོའི་རྒྱལ་ཁབ་སོ་སོས་ཀྱང་དེ་ལུགས་ཧོང་ཀོང་མི་མང་གི་མངོན་འདོད་དང་ཁོང་ཚོར་འགྲོ་བ་མིའི་ཐོབ་ཐང་ལྡན་པའི་རང་སྐྱོང་གི་གནས་བབས་གནས་ཐབས་སུ་ཐུགས་སྣང་དང་རྒྱབ་སྐྱོར་གནང་དགོས་ཀྱི་རེད་ཅེས་དང་།

ཡང་དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་མེལ་ཀོམ་རིཕ་ཀིན་མཆོག་གིས་ད་རེས་རྒྱ་ནག་གཞུང་གི་ཁྲིམས་འཆར་དེ་ནི་ཕྱི་ལོ་ ༡༩༩༧ ལོ་ནས་བཟུང་ཧོང་ཀོང་མི་མང་ཐོག་འགེལ་འཆར་གྱི་ཁྲིམས་གཞི་ཉེན་ཚབས་ཆེ་ཤོས་དེ་ཆགས་རྒྱུ་ཡིན་པར་བརྟེན་རྒྱལ་སྤྱིའི་ཐོག་ནས་ཧོང་ཀོང་མི་མང་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་བྱེད་དགོས་ངེས་ཡིན་ལུགས་གསུངས་ཡོད་པ་བཅས་ཚང་མས་ རྒྱ་ནག་གཞུང་གིས་ཧོང་ཀོང་མི་མང་གི་མང་གཙོའི་ལམ་ལུགས་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་བྱ་སྤྱོད་འདི་ནི་ཧ་ཅང་བློ་འཚབ་སྐྱེས་གཞིར་ངོས་འཛིན་གནང་དང་སྦྲགས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎