རྒྱ་ནག་གི་གྲོང་གསེབ་ནས་གྲོང་ཁྱེར་དུ་ལས་ཀ་འཚོལ་མཁན་སྐོར།

རྒྱ་ནག་གི་གྲོང་ཁྱེར་ནང་འཕྲལ་སེལ་འཚོ་ཐབས་ཀྱི་ལས་ཀ་བྱེད་མཁན་མི་འབོར་ས་ཡ་༢༡༡གི་གནས་ཚུལ་མཁོ་གྲུབ་བྱེད་པའི་ལས་དོན་སྐོར།

2011.01.09

༄༅༎རྒྱ་ནག་གཞུང་གིས་གྲོང་གསེབ་ཁག་ནས་གྲོང་ཁྱེར་ནང་འཕྲལ་སེལ་འཚོ་ཐབས་ཀྱི་ལས་ཀ་བྱེད་མཁན་མི་འབོར་ས་ཡ་༢༡༡ ཡོད་པ་ནས་ཕྱེད་ཀ་ལྷག་གི་གནས་ཚུལ་མཁོ་གྲུབ་བྱེད་པའི་ལས་དོན་གྲུབ་བཞིན་ཡོད་པའི་སྐོར་རེས་གཟའ་ཉི་མའི་ཉིན་འབྲེལ་ཡོད་དཔོན་རིགས་ནས་བཤད་ཡོད་པ་རེད།

དེ་ཡང་རེས་གཟའ་ཉི་མའི་ཉིན་པེ་ཅིང་དུ་ཚོགས་པའི་མི་འབོར་དང་འཆར་ལྡན་བུ་བཙའི་ལས་དོན་ཚོགས་འདུའི་ཐོག་རྒྱ་ནག་རྒྱལ་ཡོངས་མི་འབོར་དང་འཆར་ལྡན་བུ་བཙའི་ལས་དོན་ལྷན་ཁང་གི་འགོ་ཁྲིད་ལི་སྦིན་གྱིས་གཏམ་བཤད་བྱས་དོན། གྲོང་ཁྱེར་ནང་འཕྲལ་སེལ་འཚོ་ཐབས་བྱེད་མཁན་མི་འབོར་ས་ཡ་༡༢༠འི་གནས་ཚུལ་བསྡུ་རུབ་བྱས་པ་དང། ཁོང་ཚོས་རྒྱ་ནག་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་ནང་འཕྲལ་སེལ་འཚོ་ཐབས་བྱེད་མཁན་གྱི་མི་འབོར་དང་འཕེལ་ཚད་ཀྱི་གྲངས་ཀ་ངེས་གཏན་ཡོང་ཐབས་ཀྱི་ཆེད་དུ་༢༠༡༠ནས་རྒྱ་ནག་གི་གྲོང་ཁྱེར་ཁག་བརྒྱ་ལྷག་གི་ནང་ཞིབ་འཇུག་དང་འཚོལ་བསྡུའི་ལས་དོན་འགོ་བཙུགས་པའི་སྐོར་དང༌། ད་དུང་ཁོང་ཚོ་བརྒྱ་ཆ་༩༣ཙམ་ལ་ཕྲུ་གུ་སྐྱེས་འགོག་གི་ཆ་རྐྱེན་རིན་མེད་དུ་སྤྲོད་ཀྱི་ཡོད་པའི་སྐོར་བཤད་ཡོད་པ་རེད།

༢༠༡༠ལོར་རྒྱ་ནག་གི་མི་འབོར་དང་འཆར་ལྡན་བུ་བཙའི་ལས་དོན་ལྷན་ཁང་གི་བསྡོམས་རྩིས་བཏོན་པར་གཞིགས་ན། ༢༠༠༩བར་རྒྱ་ནག་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་ནང་གྲོང་གསེབ་ས་ཁུལ་ནས་འཚོ་ཐབས་ཀྱི་ལས་ཀ་བྱེད་མཁན་མི་འབོར་ས་ཡ་༢༡༡ཡོད་པ་དང༌། མ་འོངས་པའི་མི་ལོ་༣༠ནང་འཕྲལ་སེལ་འཚོ་ཐབས་ཀྱི་ལས་ཀ་བྱེད་མཁན་གྱི་གྲངས་ཚད་མགྱོགས་པོ་འཕེལ་རྒྱས་མི་འགྲོ་བའི་རེ་བ་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎