རྒྱ་གར་གྱི་སྤྱི་ཚོགས་འཕྲོད་བསྟེན་གྱི་གནས་སྟངས།

རྒྱ་གར་ནང་དཔལ་འབྱོར་གྱི་གནས་སྟངས་འཕེལ་རྒྱས་འགྲོ་གི་ཡོད་ཀྱང་འཕྲོད་བསྟེན་གནས་སྟངས་ལ་ལྡོག་ཕྱོགས་ཀྱི་འགྱུར་བ་འགྲོ་གི་ཡོད་སྐོར།

2011.01.11

༄༅༎གནས་ཚུལ་དབྱེ་ཞིབ་པས། རྒྱ་གར་ནང་དཔལ་འབྱོར་གྱི་གནས་སྟངས་འཕེལ་རྒྱས་འགྲོ་གི་ཡོད་ཀྱང་མི་དམངས་ཀྱི་འཚོ་བ་བསྐྱལ་སྟངས་ཀྱིས་སྤྱི་ཚོགས་ཀྱི་འཕྲོད་བསྟེན་གནས་སྟངས་ལ་ལྡོག་ཕྱོགས་ཀྱི་འགྱུར་བ་འགྲོ་གི་ཡོད་པའི་རྣམ་པ་གཟིགས་ཀྱི་ཡོད་པའི་གནས་ཚུལ་གསུང་གི་ཡོད་པ་རེད།

དེ་ཡང་རྒྱ་གར་གྱི་ཕྱོགས་ཡོངས་ཀྱི་འཕྲོད་བསྟེན་གྱི་ལམ་ལུགས་ཐོག་ལ་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་དབྱིན་ཇིའི་དུས་དེབ་ཅིག་གི་ཐོག་འདོན་སྤེལ་བྱས་ཡོད་ཅིང༌། དེའི་ནང་དུ་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་བར་རྒྱུ་རྐྱེན་གཙོ་བོ་ནི་མི་དམངས་ཀྱི་འཕྲོད་བསྟེན་དང་འབྲེལ་བ་དམ་གཟབ་ཡོད་པ་དང༌། སྤྱི་ཚོགས་ཀྱི་འཕྲོད་བསྟེན་གནས་སྟངས་ལ་འགྱུར་བ་གཏོང་དགོས་པའི་གནས་སྟངས་གཟིགས་ཀྱི་ཡོད་ཅིང༌། དེ་ནི་རྒྱ་གར་མི་དམངས་ནང་དཔལ་འབྱོར་ཡོད་ན། གཟུགས་པོའི་འཕྲོད་བསྟེན་ལ་དོ་སྣང་མི་བྱེད་པ་དང༌། ཞག་ཚིལ་ཆེ་བའི་ཟས་རིགས་བསྟེན་པའི་ཁར་ལུས་ལ་རྩལ་མི་བྱེད་པ། ཤ་རྒྱག་དྲག་པའི་གྲངས་འབོར་འཕེལ་རྒྱས་འགྲོ་བ། གཅིན་སྙི་ནད་གཞི་མང་དུ་འགྲོ་བ་། ལྷག་པར་དུ་འགྲིམས་འགྲུལ་ཆེ་བའི་རྒྱ་ལམ་ཐོག་མོ་ཊ་དང་བག་བག་མྱུར་ཚད་མགྱོགས་པོ་གཏོང་བ་མ་ཟད། དེ་ཡང་ཆང་རག་འཐུང་སྟེ་གཏོང་གི་ཡོད་པའི་གནས་ཚུལ་དང༌། ད་དུང་རྒྱ་གར་སྤྱི་ཡོངས་ནང་ཛ་དྲག་གི་གནས་སྟངས་ནི། འཕྲོད་བསྟེན་ཐོག་ལ་འཐུས་ཤོར་ཕྱིན་ན། དེ་ཡིས་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་དུ་འགྱུར་རྒྱུ་དང༌། གལ་ཏེ་དཔལ་འབྱོར་འཕེལ་རྒྱས་ལོ་རེར་ས་ཡ་འགྲོ་གི་ཡོད་ནའང་འཕྲོད་བསྟེན་གནས་སྟངས་ཞན་པོ་ཡོད་ན། དེ་ཡིས་ཤེས་ཡོན་དང་སློབ་གསོའི་ཐོག་ལ་འཐུད་ཤོར་འགྲོ་རྒྱུ་ཡིན་པ་གསུང་ཡོད་པ་རེད། ད་དུང་རྒྱ་གར་ནང་དུ་གཞོན་སྐྱེས་ཀྱི་མི་འབོར་ས་ཡ་༡དང་གྲངས་ཆུང་གཉིས་འཕེལ་རྒྱས་འགྲོ་གི་ཡོད་པར་བརྟེན་ནས། གཞོན་སྐྱེས་དེ་ཚོའི་ནང་དུ་སྙིང་གི་ན་ཚ་དང༌། དབུགས་བསག་གི་ན་ཚ། འབྲས་ནད། གཅིན་སྙི་སོགས་ནད་རིགས་དེ་དག་དང་མོ་ཊ་བརྡབ་སྐྱོན་མི་ཡོང་བའི་སྔོན་འགོག་གི་ལས་དོན་སྤེལ་བཞིན་ཡོད་ནའི། སྨན་ཁང་དང་སྨན་དོན་གཤག་བཅོས་སོགས་ཀྱི་རིན་འབབ་ཆེ་བས་ཤེས་ཡོན་གྱི་འགྲོ་གྲོན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པའི་ཞིབ་འཇུག་གི་སྙན་ཐོའི་ནང་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎