བོད་མིའི་ངོ་བོ་རྩ་མེད་བཟོ་རྒྱུའི་སྲིད་ཇུས་འཛིན་བཞིན་པར་ཐུགས་འཚབ།


2015.08.12
རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་འཛོམས། ༢༠༡༥།༨།༡༡ རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་འཛོམས། ༢༠༡༥།༨།༡༡
ITCO

བོད་མིའི་ངོ་བོ་རྩ་མེད་བཟོ་རྒྱུའི་རྒྱ་ནག་གི་སྲིད་ཇུས་ལ་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཐུགས་འཚབ་གནང་བཞིན་པ་རེད།
དེ་ཡང་ཧིན་བོད་འབྲེལ་མཐུད་ལས་ཁང་གིས་དེ་རིང་གནས་ཚུལ་སྤེལ་དོན་ལྟར་ན། ཁ་ས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་གི་Himachal Bhavanནང་Parliamentary Forum for Tibetཞེས་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་ལྷན་འཛོམས་གནང་ཡོད་པ་དང་། བོད་དོན་སྐོར་བཀའ་བསྡུར་གནང་སྐབས་དུས་རབས་༢༡་པ་འདིའི་ནང་ལ་ཡང་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཚབས་ཆེ་གཏོང་བཞིན་པ་དང་། བོད་མིའི་ངོ་བོའམ་རྣམ་པ་རྩ་མེད་བཟོ་རྒྱུའི་སྲིད་ཇུས་འཛིན་བཞིན་པར་ཐུགས་འཚབ་ཡོད་པའི་དགོངས་ཚུལ་བཏོན་གནང་ཡོད་འདུག
ལྷན་འཛོམས་སྐབས་རྒྱ་གར་གྱི་སྲིད་དོན་ཚོགས་པ་དྲུག་གི་འཐུས་མི་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག སྤྱི་འཐུས་ཀརྨ་ཡེ་ཤེས་ལགས། སྤྱི་འཐུས་ཨ་ཅ་རི་ཡ་ཡེ་ཤེས་ཕུན་ཚོགས་ལགས་ཀྱང་ལྷན་བཞུགས་གནང་འདུག  
ཐོག་མར་ལྷན་འཛོམས་འདི་སྐོང་ཚོགས་གནང་མཁན་Shanta Kumarམཆོག་ནས་ཚོགས་མི་རྣམས་ལ་དགའ་བསུའི་གསུང་བཤད་གནང་བ་དང་། དེ་ནས་མཛད་འཆར་གཞིར་བཟུང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ད་ལྟའི་བོད་ནང་གི་གནས་སྟངས་གསུངས་དགོས་པའི་འབོད་སྐུལ་གནང་བར། ཚོགས་གཙོ་མཆོག་ནས་རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུར་དམིགས་པའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་སྐོར་སོགས་གནས་ཚུལ་སྙིང་བསྡུས་ཤིག་སྙན་སྒྲོན་གནང་འདུག
ལྷན་ཚོགས་འདི་ནི་BJPཚོགས་པའི་ཚོགས་མི་Shanta Kumarམཆོག་ནས་སྣེ་འཁྲིད་གནང་སྟེ་གྲོས་ཚོགས་འཐུས་མི་ལྕམ་Maneka Gandhiམཆོག་དང་། Bashista Narain Singh་མཆོག Ninong Eringམཆོག ལྕམ་Kavitaམཆོག Bhagat Singh Koshyariམཆོག Dr. Udit Raj་མཆོག ལྕམ་Kanak Lata Singhམཆོག Dr. Arun Kumarབཅས་ལྷན་བཞུགས་གནང་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎