རྒྱ་ནག་ལ་གཏོང་རྒྱུའི་སྟག་རུས་དང་ལྤགས་རིགས་འཕྲོག་ལེན།

རྒྱ་གར་གྱི་གནམ་ཐང་དུ་རྒྱ་ནག་ལ་གཏོང་རྒྱུའི་སྟག་གི་རུས་པ་དང་སྲོག་ཆགས་ཀྱི་སྤགས་རིགས་ཕོན་ཆེ་ཁག་གཉིས་འཕྲོག་ལེན་བྱས་འདུག

2010.06.19

༄༅༎རྒྱ་གར་གྱི་གནམ་ཐང་སྒོ་ཁྲལ་ལས་ཁང་གི་དཔོན་རིགས་ཚོས་རྒྱ་གར་ཤར་ཕྱོགས་གུ་ལྦ་ཧ་ཏི་གནམ་ཐང་ནས་རྒྱ་ནག་ལ་བཏང་རྒྱུའི་སྟག་གི་རུས་པ་དང་དེ་མིན་སྲོག་ཆགས་ཀྱི་ལྤགས་རིགས་ཕོན་ཆེ་ཁག་གཉིས་འཕྲོག་ལེན་བྱས་འདུག

ནག་ཚོང་རྒྱབ་མཁན་གྱིས་རེས་གཟའ་ལྷག་པ་དང་ཕུར་བུ་གཉིས་ལ་གུ་ལྦ་ཧ་ཏི་གནམ་ཐང་ནས་རྒྱ་ནག་ལ་གཏོང་ཐབས་བྱས་པའི་སྟག་གཅིག་གི་རུས་པ་ཆ་ཚང་དང་པང་གོ་ལིན་ཟེར་བའི་སྲོག་ཆགས་ཀྱི་ལྤགས་པ་ཀི་ལོ་༣༢༠གནམ་ཐང་སྒོ་ཁྲལ་ལས་བྱེད་པས་འཕྲོག་ལེན་བྱེད་ཐུབ་ཡོད་པའི་སྐོར་རྒྱ་གར་བྱང་ཤར་གནམ་ཐང་སྒོ་ཁྲལ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ཨེ་ཤི་ཨར་སྦ་རུ་ཨ་ཁ་ས་ཕེ་རན་སི་གསར་ལས་ཁང་ལ་བརྗོད་འདུག

ཁོང་གིས་གསུངས་ན་ སྟག་གི་རུས་པ་དང་སྲོག་ཆགས་པང་གོ་ལིན་གྱི་ལྤགས་པ་དེ་ཚོ་རྒྱ་གར་མཁའ་ལམ་འགྲུལ་བསྐྱེལ་སྲི་ཞུའུ་གནམ་གྲུའི་ནང་འོར་འདྲེན་གྱིས་མ་ནི་པུར་མངའ་སྡེའི་རྒྱལ་ས་ཨིམ་ཕལ་ལ་བཏང་ནས་རིམ་བཞིན་འབར་མ་དང་དེ་ནས་རྒྱ་ནག་ལ་གཏོང་རྒྱུའི་ཐབས་ཤེས་བྱས་ཡོད་པ་རེད།

རྒྱལ་སྤྱིའི་ཁྲོམ་རའི་ནང་པང་གོ་ལིན་སྲོག་ཆགས་ཀྱི་ལྤགས་པ་ཀི་ལོ་གཅིག་ལ་རྒྱ་གར་སྒོར་མོ་ཁྲི་དྲུག་ཙམ་རག་གི་ཡོད་པ་དང་སྟག་གི་རུས་པ་ཞིབ་ཞིབ་གེ་རེམ་གཅིག་ལ་རྒྱ་གར་སྒོར་མོ་༡༠༠༠མན་ཙམ་སྤྲོད་དགོས་ཀྱི་ཡོད་པ་རེད། ད་རེས་རྒྱ་གར་གནམ་ཐང་ནས་འཕྲོག་ལེན་བྱས་པའི་སྟག་གི་རུས་པ་དང་སྲོག་ཆགས་ཀྱི་ལྤགས་པ་ཁྱོན་མི་གནས་རྒྱ་གར་སྒོར་མོ་ས་ཡ་༢༠མན་ཙམ་ཞིག་རྒྱ་གར་སྒོ་ཁྲལ་ལས་ཁང་གིས་འཕྲོག་ལེན་བྱེད་ཐུབ་པ་བྱུང་འདུག

རྒྱ་ནག་གིས་སྟག་གི་རུས་པ་ནས་སྨན་འདྲ་མིན་བཟོ་བར་བརྟེན་རྒྱ་གར་གྱི་རི་དྭགས་རྒྱབ་མཁན་ཚོས་ལོ་ལྟར་སྟག་༣༠ཙམ་བསད་ནས་ནག་ཚོང་རྒྱབ་མཁན་བརྒྱུད་རྒྱ་ནག་ལ་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎