ལྡི་ལི་ནང་གི་སློབ་གྲྭ་དང་བཟོ་གྲྭ་ཁག་སྒོ་རྒྱག་དགོས་བྱུང་འདུག


2016.11.07
རྒྱ་གར་གྱི་རྒྱལ་སར་མཁའ་རླུང་འབཊ་བཙོག་གི་རྣམ་པ། རྒྱ་གར་གྱི་རྒྱལ་སར་མཁའ་རླུང་འབཊ་བཙོག་གི་རྣམ་པ།
ཕབ་བཤུས། /NDTV

རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་མཁའ་རླུང་འབགས་བཙོག་གི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་ཕྱིན་ནས་སློབ་གྲྭ་དང་བཟོ་གྲྭ་སོགས་གནས་སྐབས་སྒོ་རྒྱབ་དགོས་བྱུང་འདུག
དེ་ཡང་འདི་ཚེས་༧་གཟའ་ཟླ་བའི་ཉིན་ཛ་དྲག་གི་ཐོག་ནས་སློབ་གྲྭ་དང་། ཁང་པ་བཟོ་བསྐྲུན། དེ་བཞིན་བཟོ་གྲྭ་སོགས་སྒོ་རྒྱག་དགོས་པའི་བཀོད་ཁྱབ་བཏང་ཡོད་དགོས་དོན་ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་འདས་པའི་ཉིན་མ་འགའ་ཤས་ནས་བཟུང་མཁའ་རླུང་འབགས་བཙོག་ཧ་
ཅང་ཆེ་བའི་རྐྱེན་གྱི་ནམ་མཁར་དུ་སྨུག་ཞགས་འཁོར་ནས་མིག་ཚ་ཤར་རྒྱབ་པ་དང་། མིག་ཆུ་ཐོན་པ་དེ་བཞིན་དབུགས་བཏང་ཁག་པོ་ཆགས་པ་སོགས་ཀྱིས་མིའི་འཕྲོད་བསྟེན་ལ་ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད་པའི་གནས་སྟངས་ལ་བརྟེན་ནས་ཐག་ཆོད་གནང་དགོས་བྱུང་ཡོད་འདུག
དེ་དང་ཕྱོགས་མཚུངས་ལྡི་ལིའི་ཉེ་འཁོར་གྱི་མངའ་སྡེ་དཔེར་ན། Punjabདང་། Haryana་གཉིས་ཀྱི་ནང་ཞིང་པ་ཚོས་སྟོན་ཐོག་བསྡུས་ཟིན་པའི་རྗེས་སུ་རོ་ཐོ་ལྷག་པ་རྣམས་མེར་སྲེགས་བཏང་བའི་རྐྱེན་གྱིས་ཀྱང་གྲོང་ཁྱེར་ཁག་གི་ནང་དུ་སྨུག་ཞགས་ཀྱི་གནོད་སྐྱོན་ཕོག་གི་ཡོད་པ་བཅས་གང་ལྟར་ལྡི་ལིའི་ནང་རྒྱུན་ཏན་ནས་མོ་ཊ་ཧ་ཅང་མང་པོ་འགྲུལ་བཞུད་བྱེད་ཀྱི་ཡོད་པའི་ཁར་དི་ཝ་ལི་ཞེས་པའི་དུས་ཆེན་སྐབས་སུ་མི་ས་ཡ་མང་པོས་ཤོག་བྷག་རྒྱབ་པའི་དུ་སྨུག་སོགས་གང་ས་ཅིའི་ཐད་ནས་མཁའ་རླུང་འབགས་བཙོག་ཧ་ཅང་ཆེན་པོ་ཡོད་པའི་སྐོར་འབྲེལ་ཡོད་ཚོས་ཞིབ་མཇུག་བྱས་པའི་ཐོག་ནས་གསུངས་འདུག
དེ་ཡང་ལྡི་ལིའི་ནང་ཚན་རིག་དང་ཁོར་ཡུག་ཚན་པའི་སྤྱི་ཁྱབ་པ་ལྕམ་Anumita Roy Chowdhary མཆོག་གིས། ད་རེས་སློབ་གྲྭ་དང་བཟོ་གྲྭ་ཁག་སྒོ་རྒྱབ་རྒྱུའི་ཐག་ཆོད་འདི་ནི་ཕུགས་རྒྱང་རིང་པོའི་ཐབས་ལམ་ཞིག་མ་རེད། ཡིན་ནའང་ད་ལྟའི་ཛ་དྲག་གནས་སྟངས་ལས་སྐྱོབ་ཐབས་སུ་འོས་ཤིང་འཚམས་པ་ཞིག་རེད་ཅེས་གསུངས་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎