ཨ་རིས་པ་ཀི་སི་ཏན་ལ་རོགས་རམ་ཉུང་དུ་གཏང་འཆར་ཡོད་པ།
2011.07.12
༄༅༎ཉེ་ཆར་ཨ་མི་རི་ཀའི་སྲིད་འཛིན་ལས་ཁུངས་ཀྱི་སྤྱི་ཁྱབ་ལྦི་ལེམ དྲ་ལེ་མཆོག་གིས། རྒྱལ་ཡོངས་བརྙན་འཕྲིན་ཐོག་ཨ་རིའི་ངོས་ནས་པ་ཀི་སི་ཏན་ལ་ལོ་ལྟར་སྲུང་སྐྱོབ་ཀྱི་ལས་དོན་ཆེད་མཐུན་འགྱུར་རོགས་རམ་གནང་རྒྱུའི་འགྲོ་གྲོན་ཐོག་ནས། ཨ་རིའི་དྲོ་ལར་ས་ཡ་ ༨༠༠ ཙམ་བཅོག་ཆ་བྱེད་རྒྱུའི་འཆར་གཞི་ཡོད་ལུགས་གསུངས་ཡོད་པ་རེད། གནད་དོན་དེའི་ཐོག་ཁ་ས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེས་ ཨེམ་ ཀི་རི་ཤི་ན་མཆོག་གིས་པ་ཀི་སི་ཏན་ལ་དམིགས་ཏེ་གསུངས་དོན། མངའ་ཁུལ་འདིར་ཨ་རིའི་རོགས་རམ་འོག་གོ་མཚོན་མང་པོ་ཡོད་པ་ཞིག་བཟོས་པ་ཡིན་ན་མངའ་ཁུལ་དེ་རང་ལའང་གནོད་སྐྱོན་ཕོག་གཞི་ཞིག་རེད། དེ་འདྲ་ཡིན་དུས་ང་ཚོ་རྒྱ་གར་ངོས་ནས་རོགས་རམ་བཅོག་ཆ་བྱེད་པ་དེར་དགའ་བསུ་ཡོད་ཅེས་གསུངས་ཡོད་འདུག སྤྱིར་བཏང་རྒྱ་གར་ནས་པ་ཀི་སི་ཏན་ལ་ཨ་རིས་འཇིིགས་སྐུལ་དྲག་སྤྱོད་ལ་ཁ་གཏད་བཅོག་རྒྱུའི་ཆེད་མཐུན་འགྱུར་གནང་བར་འགག་པ་གང་ཡང་མེད་ཀྱང་རོགས་དངུལ་དེ་དག་གིས་གོ་མཚོན་ཇེ་མང་དུ་གཏོང་རྒྱུའི་ཉེན་ཁ་ཡོད་པར་བློ་འཚབ་དང་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།
ཡང་ཁ་ས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས། ང་ཚོའི་ངོས་ནས་པ་ཀི་སི་ཏན་མཉམ་འབྲེལ་བ་བཟར་དུ་གཏང་རྒྱུའི་ཆོད་སེམས་གཏན་པོ་ཡོད་པ་དེ་ཡང་ཨ་རིའི་ཕྱོགས་ནས་གསལ་པོ་ཤེས་རྟོག་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་ཀྱང་འགྲེལ་བརྗོད་གནང་ཡོད་པ་རེད།།