ཀཤི་མིར་མངའ་ཁུལ་དུ་ཆུ་མཛོད་གསར་རྒྱག་ལས་གཞིའི་སྐོར།

རྒྱ་ནག་གིས་པ་ཀི་སི་ཐན་འོག་ཡོད་པའི་ཀཤི་མིར་མངའ་ཁུལ་དེར་རོགས་དངུལ་སྤྲོད་རྒྱུའི་ཁ་བཅད་བྱས་ཡོད་པ་དེར་རྒྱ་གར་གྱིས་སྐྱོན་བརྗོད།

2009.10.14

༄༅༎རྒྱ་ནག་གིས་པ་ཀི་སི་ཐན་གྱི་འཛིན་སྐྱོང་འོག་ཡོད་པའི་ཀཤི་མིར་མངའ་ཁུལ་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞིར་རོགས་དངུལ་སྤྲོད་རྒྱུའི་ཁ་བཅད་བྱས་ཡོད་པ་དེར་དེ་རིང་རྒྱ་གར་གྱིས་སྐྱོན་བརྗོད་གནང་འདུག

རྒྱ་ནག་གིས་པ་ཀི་སི་ཐན་ནང་ཐེ་བྱུས་བྱེད་རྒྱུ་ཡིན་ཁུལ་བརྗོད་པ་དེར་ལན་འཆར་གྱི་ཚུལ་དུ་རྒྱ་གར་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ལྦིཤི་ནུ་པཱར་ཀཤ་ཡིས་རྒྱ་གར་གྱི་ལངས་ཕྱོགས་དང་རྒྱ་ནག་གི་བྱེད་སྟངས་ཐད་རྒྱ་གར་གྱི་བློ་འཚབ་ཡོད་པ་རྒྱ་ནག་གི་ངོས་ནས་ཤེས་རྟོགས་གསལ་པོ་ཡོག་རེད་ཅེས་གསུངས་ཏེ་རྒྱ་ནག་གི་ཕྱོགས་ནས་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་བའི་ཐད་ཕུགས་འགྱང་རིང་པོའི་བསམ་བློ་བཏང་ནས་པ་ཀི་སི་ཐན་གྱིས་ཁྲིམས་འགལ་བདག་བཟུང་བྱས་པའི་ཀཤི་མིར་མངའ་ཁུལ་ནང་རྒྱ་ནག་གིས་ལས་དོན་དེའི་རིགས་མཚམས་འཇོག་བྱེད་པའི་རེ་བ་ཡོད་ཅེས་གསུངས་བཞག

ཉེ་དུས་ཟླ་བ་འདིའི་ཚེས་གསུམ་ཉིན་ཨ་རུ་ན་ཅལ་པཱར་རྡེཤ་མངའ་སྡེའི་ནང་འོས་བསྡུའི་དྲིལ་བསྒྲགས་ཆེད་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་ཁུལ་དེར་ཕེབས་ཡོད་ནའང་རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་རྩོད་རྙོག་སྐོར་བཀའ་མོལ་ཚིག་གཅིག་གསུངས་མེད་པ་རེད། ཟླ་བ་སྔོན་མ་རྒྱ་ནག་གིས་པ་ཀི་སི་ཐན་གྱི་འཛིན་སྐྱོང་འོག་ཡོད་པའི་ཀཤི་མིར་མངའ་ཁུལ་ནང་ཌོ་ལར་ཐེར་འབུམ་མང་པོ་གནས་པའི་ཆུ་མཛོད་ཅིག་གསར་རྒྱག་བྱ་རྒྱུར་རྒྱ་ནག་གིས་པ་ཀི་སི་ཐན་ལ་དཔལ་འབྱོར་གྱི་རོགས་རམ་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་པ་དེའི་ཐད་རྒྱ་གར་གྱིས་པ་ཀི་སི་ཐན་གཞུང་ལ་སྐྱོན་བརྗོད་གནང་ཡོད་པ་རེད། ཟླ་བ་སྔོན་མ་པ་ཀི་སི་ཐན་གྱི་ཆུ་དང་གློག་ཤུགས་ལྷན་ཁང་དང་རྒྱ་ནག་གི་འབྲི་ཆུ་འགག་གསུམ་ལས་གྲྭ་མཉམ་ལས་ཁང་དབར་མཐུན་གྲོས་བཞག་ནས་པ་ཀི་སི་ཐན་གྱི་ཁྱབ་ཁོངས་སུ་ཡོད་པའི་ཀཤི་མིར་ཁུལ་གྱི་གཙང་པོ་སེང་གེ་ཁ་འབབ་ཐོག་ཨ་རིའི་ཌོ་ལར་ཐེར་འབུམ་བཅུ་གཉིས་དང་དུང་ཕྱུར་དྲུག་གནས་པའི་ཌིཡ་མིར་སྦ་ཤ་ཆུ་མཛོད་གསར་རྒྱག་ཐོག་རྒྱ་ནག་གིས་རོགས་རམ་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། དེ་རིང་རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གི་བྱེད་སྟངས་ལ་སྐྱོན་བརྗོད་གནང་བ་དེ་ནི་ཉེ་བའི་དུས་སུ་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བ་སྟབས་མི་བདེ་བ་བཟོ་གཞིའི་རྒྱུ་རྐྱེན་ཞིག་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎