རྒྱ་གར་གཞུང་ལ་རྒྱ་ནག་ནས་དྲ་རྒྱའི་ཐོག་གསང་འཛུལ་བྱས་པ།

རྒྱ་གར་གཞུང་གི་ལྷན་ཁང་ཁག་ནང་ཡོད་པའི་ཀོམ་པིའུ་ཊར་ལ་རྒྱ་ནག་ནས་དྲ་རྒྱའི་ཐོག་གསང་འཛུལ་གྱིས་གཞུང་འབྲེལ་གསང་གནས་རྐུ་འཁྱེར་གྱི་ལས་འགུལ་སྤེལ་བཞིན་ཡོད་འདུག

2008.05.12

༄༅༎རྒྱ་གར་གཞུང་གི་ལྷན་ཁང་ཁག་ནང་ཡོད་པའི་ཀོམ་པིའུ་ཊར་ལ་རྒྱ་ནག་ནས་དྲ་རྒྱའི་ཐོག་གསུང་འཛུལ་གྱིས་ གཞུང་འབྲེལ་གསང་གནས་རྐུ་འཁྱེར་གྱི་ལས་འགུལ་རབ་དང་རིམ་པ་ཞིག་སྤེལ་བཞིན་སྐོར་ རྒྱ་གར་གྱི་ཀྲའེམ་སེ་ཨོཕཱ་ཨིན་ཌི་ཡ་ཞེས་པའི་གསར་ཤོག་གིས་གནས་ཚུལ་སྤེལ་ཡོད་པ་རེད་

གོང་ཞུས་གསར་ཤོག་དེས་ཞིབ་ཕྲའི་གནས་ཚུལ་ཞིག་སྤེལ་བའི་ནང་ རྒྱ་གར་གཞུང་གི་ལྷན་ཁང་ཁག་ནང་ཡོད་པའི་ཀོམ་པིའུ་ཊར་ལ་རྒྱ་ནག་ནས་ཀོམ་པིའུ་ཊར་གྱི་གློག་ལས་ཐོག་ནས་གསང་བའི་གནས་ཚུལ་རྟོག་ཞིབ་བྱེད་བཞིན་པ་ཤེས་ཚོར་བྱུང་ཡོད་པ་དང་ དེ་ཡང་ཀོམ་པིའུ་ཊར་གློག་འཕྲུལ་ཐོག་ གསང་འཛུལ་རྟོག་ཞིབ་བྱེད་མཁན་ཚོས་ གཙོ་བོ་རྒྱ་གར་ཕྱི་སྲིད་ལྷན་ཁང་དང་ རྒྱལ་སྲུང་ལྷན་ཚོགས་གཉིས་ཀྱིས་བེད་སྤྱོད་བྱ་སའི་ཀོམ་པིའུ་ཊར་གྱི་ནང་གསར་འཛུལ་བྱས་ཡོད་སྐོར་བཀོད་ཡོད་པ་རེད་ དབྱིན་སྐད་ནང་ཀོམ་པིའུ་ཊར་ཧེག་ཀིང་ཞེས་པའི་རྒྱང་རིང་ཀོམ་པིའུ་ཊར་འཕྲུལ་རིག་གི་སྒྱུ་རྩལ་བེད་སྤྱོད་ཀྱིས་ གཞན་གྱི་ཀོམ་པིའུ་ཊར་ནང་གསང་འཛུལ་བྱས་ཏེ་ཀོམ་པིའུ་ཊར་དེའི་ཐོག་ལས་གཞིའི་གནད་དོན་ཇི་བཀོད་ཆ་ཚང་ལ་རྟོག་ཞིབ་ཐུབ་ཀྱི་ཡོད་པ་རེད་ མཚན་འདོན་མ་གནང་བའི་ རྒྱ་གར་གྱི་གཞུང་འབྲེལ་དཔོན་རིགས་ཚོས་ ཀྲའེམ་སེ་ཨོཕཱ་ཨིན་ཌི་ཡ་ གསར་ཤོག་ལ་རྒྱ་ནག་ཕྱོགས་ནས་རྒྱ་གར་གཞུང་གི་ཀོམ་པིའུ་ཊར་ལ་གནོད་འཚེའི་ལས་འཆར་དེ་ལོ་ངོ་གཅིག་དང་ཕྱེད་ཀ་ཙམ་ནས་སྤེལ་བཞིན་ཡོད་པ་དང་ གསང་འཛུལ་བྱེད་མཁན་གྱི་ཚད་གཞི་དེ་ཧ་ཅང་མཐོ་པོ་ཡོད་སྐོར་ངོ་སྤྲོད་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎