ཨ་རི་དང་རྒྱ་གར་གྱི་འབྲེལ་ལམ།
2013.12.21
༄༅༎རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་Salman Khurshide ཡིས་གསུངས་ན། ཉེ་ཆར་ཨ་རི་གཞུང་གིས་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་རྒྱ་གར་གྱི་སྐུ་ཚབ་དོན་གཅོད་གཞོན་པ་ལྕམ་Devyani Khobragade་ཡིས་གཡོག་མོ་ལ་གླ་ཕོག་ཚུལ་བཞིན་མ་སྤྲད་པའི་ནག་ཉེས་བཙུགས་ཏེ་འཛིན་བཟུང་བྱས་པའི་གནད་དོན་ཐད། རྒྱ་གར་དང་ཨ་རིའི་དཔོན་རིགས་དབར་ཕན་ཚུན་གྲོས་མོལ་གནང་བཞིན་ཡིན་པ་དང་། རྒྱ་གར་དང་ཨ་རིའི་དབར་གྱི་འབྲེལ་ལམ་དེ་བཞིན་ཕན་ཚུན་མཐུན་ཕྱོགས་ཀྱི་འབྲེལ་ལམ་ཞིག་ཡིན་པ་དང་། ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་ཧ་ཅང་བརྟན་པོ་ཡོད་པར་བརྟེན། གནས་ཚུལ་དེ་རིགས་གཅིག་བྱུང་བ་ཙམ་གྱིས་ཡུལ་གཉིས་ཀྱི་ཕྱི་འབྲེལ་འབྲེལ་ལམ་ལ་གནོད་ཚབས་ཡོང་མི་སྲིད་པར་ཡིད་ཆེས་གནང་གི་ཡོད་ལ། དེ་བཞིན་ཡུལ་གཉིས་ཀྱི་མི་མང་ཚོས་ཀྱང་གནད་དོན་དེ་རིགས་ཀྱིས་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་ཟབ་མོ་དེར་གནོད་སྐྱོན་ཕོག་འདོད་མེད་པར་ཡིད་ཆེས་ཡོད་ཅེས་གསུངས་འདུག།